ཇར་མན་དང་རྒྱ་ནག་དབར་བོད་དོན་གླེང་སྲིད།

ཇརྨེ་ཎིའི་དབུ་ཁྲིད་ ཨནྗེ་ལ་ མརྐེལ་དང་། རྒྱ་ནག་གི་སྲིད་བློན་ཝན་ཅ་པོ་རྣམ་གཉིས་མཇལ་འཕྲད་སྐབས། འགྲོ་བ་མིའི་ཐང་སྐོར་སྐོར་བཀའ་བསྡུར་གནང་གི་ཡོད་འདུག

2012.08.31

༄༅།  །ཡོ་རོབ་དཔལ་འབྱོར་ཉམས་རྒུད་ནང་ལྷུང་ནས་ལོ་གསུམ་ཙམ་ཕྱིན་པའི་རྗེས་སུ་ད་ཆ་འཛམ་གླིང་གི་དཔལ་འབྱོར་ཆེ་ཤོས་རྒྱ་ནག་ཀྱང་དཀའ་ངལ་ནང་ལྷུང་ཉེན་ཡོད་པར་བརྟེན། རྒྱ་ནག་གིས་དཀལ་ངལ་དེ་སེལ་རྒྱུར་འཐབ་གྲོགས་གཙོ་བོ་ཇརྨེ་ཎི་ཡིན་པར་ངོས་འཛིན་བྱེད་བཞིན་པ་རེད། ཨནྗེ་ལ་ མརྐེལ་ (Angela Merkel)ད་རེས་རྒྱ་ནག་ཏུ་ཕེབས་པའི་སྐབས་འདིར་ཁོང་དང་ལྷན་དུ་བློན་ཆེན་ཁག་ཅིག་དང་།     ཚོང་ལས་ཆེ་ཁག་གི་སྐུ་ཚབ་ཀྱང་ཕེབས་ཡོད་པ་རེད།  རེས་གཟའ་ཕུར་བུ་དང་པ་སངས་ཉིན་གཉིས་ཀྱི་གཟིགས་སྐོར་རིང་རྒྱ་ནག་གི་སྲིད་བློན་ཝན་ཅ་པོ་མཇལ་འཕྲད་ཀྱིས་གྲོས་མོལ་གནང་ཡོད་པ་རེད།             ཡུལ་གཉིས་དབར་ཚོང་འབྲེལ་གྱི་ཆིངས་དོན་མང་དག་ཅིག་སྣོན་འཇོག་གནང་ཡོད་འདུག་ཀྱང་།   ད་ལྟའི་སྐབས་སུ་ཞིབ་ཕྲའི་གནས་ཚུལ་ཕྱིར་བསྒྲགས་བྱས་མེད་པ་རེད། ཨནྗེ་ལ་ མརྐེལ་མཆོག་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་དང་།   བོད་དོན་སྐོར་གླེང་སློང་ཡང་གནང་རྒྱུ་ཡིན་ལུགས་མིང་འདོན་མེད་པའི་ཇརྨེ་ཎིའི་དཔོན་རིགས་ཤིག་གིས་གསུངས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གིས་བསྐོ་བཞག་བྱས་པའི་པཎ་ཆེན་བལ་ཡུལ་ནང་ཡོང་རྒྱུ་བལ་ཡུལ་གྱིས་ངོས་ལེན་བྱས་མེད་པ་བལ་ཡུལ་གྱི་གསར་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དགེ་བཤེས་རྭ་ཆུང་དགེ་འདུན་ལགས་བཙོན་འཇུག་གི་དུས་ཡུན་ཚང་སྟེ་གློད་གྲོལ་ཐོབ་ཡོད་ནའང་། ཁོང་བཙོན་གྲོལ་མ་ཐོབ་སྔོན་ཨ་མ་འདས་གྲོངས་སུ་གྱུར་ཏེ་མ་བུ་ཐུག་འཕྲད་ཐུབ་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎