བོད་ཀྱི་བུད་མེད་དང་བོད་རང་བཙན་སློབ་ཕྲུག་ཚོགས་པས་གྷོའུ་གྷལ་ལ་ཞུ་གཏུག་ལས་འགུལ།

2019-01-18
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ཀྱི་བུད་མེད་དང་བོད་རང་བཙན་སློབ་ཕྲུག་ཚོགས་པས་གྷོའུ་གྷལ་(google)ལ་ཞུ་གཏུག་ལས་འགུལ་སྐབས། ༢༠༡༩།༡།༡༨
བོད་ཀྱི་བུད་མེད་དང་བོད་རང་བཙན་སློབ་ཕྲུག་ཚོགས་པས་གྷོའུ་གྷལ་(google)ལ་ཞུ་གཏུག་ལས་འགུལ་སྐབས། ༢༠༡༩།༡།༡༨
སངས་རྒྱས་རྒྱ་མཚོ། /RFA

བོད་ཀྱི་བུད་མེད་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པས་གྷུའུ་གྷལ་(Google)དྲ་ཚིག་ཁེ་གཉེར་ཁང་གི་ལྡི་ལིའི་ཡན་ལག་ལས་ཁུངས་མདུན་ཞུ་གཏུག་ལས་འགུལ་སྤེལ་འདུག
དེ་ཡང་སྤྱི་ཟླ་༡་ཚེས་༡༨་ཉིན། རྒྱལ་སྤྱིའི་དྲྭ་རྒྱའི་རང་དབང་གི་ཉིན་མོ་དང་སྟབས་བསྟུན་ནས་གྷུ་གྷལ་(Google)དྲ་ཚིག་མཁེ་གཉེར་ལས་ཁང་གིས་རྒྱ་ནག་གཞུང་དང་མཉམ་ལས་ཐོག་(Dragonfly) ཞེས་པའི་ཞིབ་བཤེར་གྱི་མཉེན་ཆས་འཕྲུལ་རིགས་ཀྱི་ལས་གཞི་དེ་མཚམས་འཇོག་ཡོང་བའི་འབོད་སྐུལ་ཆེད་བོད་མི་ཚོས་ངོ་རྒོལ་སྐད་འབོད་དང་སྙན་ཞུ་འབུལ་བའི་ལས་འགུལ་ཞིག་སྤེལ་འདུག  བོད་ཀྱི་དབུས་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་བཀྲ་ཤིས་ལྷ་མོ་ལགས་ཀྱིས་དྲྭ་ལམ་གྱི་གསང་བ་ཞིབ་བཤེར་གྱི་འཕྲུལ་རིགས་འདི་ལ་བརྟེན་ནས་བོད་ནང་རྒྱ་ནག་གིས་དྲག་གནོན་བྱེད་པའི་གནས་ཚུལ་དང་། མི་རིགས་གཞན་གྱི་ཐོག་གི་རྒྱ་ནག་གི་གསང་བ་དང་བཙན་བྱོལ་ནང་གི་གནས་ཚུལ་ལ་སོགས་བཀག་སྡོམ་བྱེད་ཀྱི་ཡོད་པ་འདི་ནི་འགྲོ་བ་མིའི་ཐོབ་ཐང་དང་མིའི་བསམ་བརྗོད་རང་དབང་ལ་གཏོར་བཤིག་གཏོང་གི་ཡོད་པ་ཡིན་པས་ད་ཐེངས་ལས་འགུལ་འདི་སྤེལ་བ་ཡིན་པ་བོད་ཀྱི་བེུད་ལྷན་ཚོགས་ཀྱི་སྤྱི་ཁྱབ་རྒྱུན་ལས་པ་བཀྲིས་ལྷ་མོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ཡོད་པ་རེད།  ཡང་ལྡི་ལིའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་འཛམ་གླིང་གི་དྲ་ཚིག་འཚོལ་ཞིབ་ཀྱི་འཕྲུལ་རིག་གི་ཚོང་གཉེར་ལས་ཁང་ཆེ་ཤོས་དེས་(Dragonfly)་ཞེས་པའི་དྲྭ་ལམ་གྱི་གསང་བ་ཞིབ་བཤེར་གྱི་འཕྲུལ་རིག་འདིའི་བཀོལ་སྤྱོད་མཚམས་འཇོག་དང་རྒྱ་ནག་གཞུང་དང་མཉམ་ལས་མཚམས་འཇོག་གིས། འགྲོ་བ་མིའི་ཐོབ་ཐང་དང་མིའི་བསམ་བརྗོད་རང་དབང་ལ་བརྩི་སྲུང་དང་གྷུ་གྷལ་ཚོང་ལས་ཁང་གི་དམིགས་ཡུལ་དང་སྲིད་བྱུས་ལ་གུས་བརྩི་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་གསུངས་ཡོད་པ་རེད།།

གསར་འགོད་པ་སངས་རྒྱས་རྒྱ་མཚོ།

མཆན། (0)
Share
དྲ་གནས་ཆ་ཚང༌།