སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་ནས་ཆིབས་ཞལ་བསྒྱུར་གནང་མཛད་པ།


2018-01-28
Share
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་ནས་ཆིབས་ཞལ་བསྒྱུར་གནང་མཛད་པ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གནས་མཆོག་ཝཱ་ར་ཎ་སི་དང་གནས་མཆོག་རྡོ་རྗེ་གདན་གྱི་ཆོས་འབྲེལ་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས་ལྡི་ལིར་ཆིབས་ཞལ་བསྒྱུར་གནང་མཛད་ཡོད་པ།
དགའ་ལྡན་ཕོ་བྲང༌།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་ནས་ཆིབས་ཞལ་གྱུར་གནང་འདུག
བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་༡ཚེས་༡ཉིན་གནས་མཆོག་རྡོ་རྗེ་གདན་དུ་ཞབས་སོར་འཁོད་གནང་གིས་ཚེས་ལྔ་ནས་བཟུང་འདི་ཚེས་ཉི་ཤུ་གསུམ་བར་བོད་མི་དང་ཧི་མ་ལ་ཡའི་རི་རྒྱུད་མི་རིགས་། ཕྱིའི་རྒྱལ་ཁབ་དྲུག་བཅུ་ལྷག་ཙམ་ནས་ཆེད་བཅར་ཞུས་པའི་དད་ལྡན་སྟོང་ཕྲག་མང་པོར་ཆོས་འབྲེལ་རིམ་པ་ཁག་བཞི་ཙམ་རྩལ་གནང་བ་སོགས་མཛད་འཕྲིན་དུ་མ་ཞིག་སྐྱོང་གནང་མཛད་པའི་རྗེས་། ཉེ་ཆར་གསར་དུ་བསྐོ་འདེམས་བྱུང་བའི་སྔ་བསྒྱུར་རྙིང་མའི་བླ་ཆེན་ཀཿཐོག་དགེ་རྩེ་རིན་པོ་ཆེད་མཆོག་ནས་༸གོང་ས་མཆོག་མཇལ་ཁ་དང་མཎ་ཌལ་རྟེན་དོད་འདེགས་འབུལ་ཞུས་འདུག་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དགེ་རྩེ་རིན་པོ་ཆེ་མཆོག་ལ་ཐུགས་བརྩེ་བ་ཆེན་པོས་གུ་རུའི་སྐུ་བརྙན་ཞིག་གསོལ་རྩལ་གནང་བ་དང་འཚམས་འདྲི་གནང་འདུག ཡང་ད་རིང་ཚེས་༢༨ཉིན་སྔ་ཐོག་བྷི་ཧར་ས་གནས་འབྲེལ་ཡོད་དཔོན་རིགས་ཁག་ཅིག་དང་ནང་མི་བཅས་པར་མཇལ་ཁ་རྩལ་གནང་འདུག དེ་ནས་མཆོད་རྟེན་རིན་པོ་ཆེར་གནས་གཟིགས་ཐུགས་སྨོན་མཛད་ཏེ་མཁའ་ལམ་བརྒྱུད་རྒྱལ་ས་ལྡི་ལིར་ཆིབས་ཞལ་གྱུར་གནང་འདུག ༸གོང་ས་མཆོག་ཉིན་གྲངས་གསུམ་ཙམ་སྐུའི་འཕྲོད་བཞེས་བརྟག་དཔྱད་གནང་འགྲུབ་པའི་མཚམས་ཕྱི་ཟླ་གཉིས་པའི་ཚེས་གཅིག་ཉིན་བཞུགས་སྒར་རུ་ཆིབས་བསྒྱུར་གནང་རྒྱུ་བཅས་ཀྱི་མཛད་འཆར་ཡོད་འདུག།
གསར་འགོད་པ་རིག་འཛིན་ཆོས་སྒྲོན།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།