འཛམ་གླིང་གི་ཚ་དྲོད་འཕེལ་བར་ཧ་མ་ལ་ཡའི་ཁུལ་ཤུགས་རྐྱེན།

འཛམ་གླིང་གི་ཚ་དྲོད་འཕེལ་བར་བརྟེན་ནས་ཧི་མ་ལ་ཡའི་རི་རྒྱུད་དུ་གནས་པའི་འཁྱགས་རོམ་དེ་བཞིན་བཞུར་ཏེ་མངོན་གསལ་དོད་པོས་ཆུང་དུ་ཕྱིན་པ།
2008-12-26
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎དེང་སྐབས་འཛམ་གླིང་གི་ཚ་དྲོད་འཕེལ་བར་བརྟེན་ནས་ཧི་མ་ལ་ཡའི་རི་རྒྱུད་དུ་གནས་པའི་བོད་དང་ས་འབྲེལ་འཁེལ་བའི་བལ་ཡུལ་བྱང་ཕྱོགས་ས་མཚམས་སུ་ཆགས་པའི་འཁྱགས་རོམ་དེ་བཞིན་བཞུར་ཏེ་འདས་པའི་མི་ལོ་བཞི་བཅུ་ཙམ་ནང་མངོན་གསལ་དོད་པོས་ཆུང་དུ་ཕྱིན་ཡོད་པ་རེད།

དེ་ཡང་བལ་བོད་ས་མཚམས་ལང་ཐང་ཞེས་པའི་ནང་གནས་སྡོད་བྱེད་མཁན་བླ་མ་རིན་ཆེན་རྡོ་རྗེ་ཞུ་བས་དེ་སྔ་ཕྱི་ལོ་༡༩༦༠རེ་གྲངས་ནང་ཁོང་རང་ཉིད་ལོ་ན་ཆུང་བའི་སྐབས་དེའི་ཁུལ་དུ་ཆགས་པའི་ལི་རུང་འཁྱགས་རོམ་དེ་བཞིན་ཧ་ཅང་གི་རྒྱ་ཁྱོན་ཆེན་པོ་ཡོད་པ་དང་མཐའ་སྐོར་ཏུ་ཁ་བས་བསྐོར་ནས་ཡོད་ཀྱང་ད་ཆ་འདས་པའི་མི་ལོ་བཅུ་ཕྲག་གསུམ་ལྷག་གི་རྗེས་སུ་ཆུང་དུ་ཕྱིན་ཡོད་པའི་འགྲེལ་བརྗོད་བྱས་ཡོད་པ་མ་ཟད་དེ་སྔ་ཁོང་ཆུང་དུས་འཁྱགས་རོམ་དེའི་སྟེང་དུ་རྩེད་མོ་རྩེད་ཡུལ་ཞིག་དང་སྐབས་དེ་དུས་འཁྱགས་རོམ་དེ་ཡང་ཁོང་གི་དགོན་པ་ཡོད་ས་བར་ཏུ་ཆགས་ཡོད་ཀྱང་ད་ཆ་རིང་ཚད་ཀི་ལོ་མི་ཊར་གཉིས་ཙམ་གྱིས་ཆུང་དུ་ཕྱིན་ཡོད་པ་གསུང་པ་དང་དེའི་རྒྱུ་རྐྱེན་ནི་འཛམ་གླིང་གི་ཚ་དྲོད་འཕེལ་བར་བརྟེན་ནས་ཧི་མ་ལ་ཡའི་ཁུལ་གྱི་འཁྱགས་རོམ་ལ་ཤུགས་རྐྱེན་ཐེབས་པ་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ལྷག་པར་དུ་དེ་སྔོན་བལ་ཡུལ་གྱི་འབྲེལ་ཡོད་ཆུའི་རྟོག་ཞིབ་ལས་ཁུངས་ཀྱིས་ཞིབ་འཇུག་ཞིག་བྱས་པའི་སྐབས་ཧི་མ་ལ་ཡའི་ཁུལ་གྱི་གནམ་གཤིས་ཀྱི་ཚ་དྲོད་ལོ་ལྟར་བཞིན་ཕེརེན་ཧའེཏ་ཚག་གཅིག་ཙམ་མཐོ་རུ་འགྲོ་གི་ཡོད་པ་གསུང་ཡོད་ཅིང་ན་ནིང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐོ་རིམ་ཚན་རིག་པས་ཞིབ་འཇུག་བྱས་པའི་སྐབས་ལ་བལ་ཡུལ་གྱི་འབྲེལ་ཡོད་སྡེ་ཚན་ནས་བཏོན་པའི་ཚ་དྲོད་འཕེལ་ཚད་ལས་གྲངས་ཀ་མང་བ་བཏོན་ཏེ་ཧི་མ་ལ་ཡའི་ཁུལ་དུ་འདས་པའི་མི་ལོ་བརྒྱ་ནང་དུ་གནམ་གཤིས་ཀྱི་ཚ་དྲོད་སྤྱི་ཡོངས་ཀྱིས་སེལ་ཤིཡེསི་ཚག་བདུན་ཙམ་ཆེ་རུ་ཕྱིན་ཡོད་པའི་སྐོར་གསུང་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།