ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཉེས་འཛུགས་ཕོག་པ་ཚོར་ཁྲིམས་གཤེར་འགོ་བཙུགས་འདུག

2022.06.07
Share on WhatsApp
Share on WhatsApp
ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཉེས་འཛུགས་ཕོག་པ་ཚོར་ཁྲིམས་གཤེར་འགོ་བཙུགས་འདུག ཧོང་ཀོང་གི་ཁྲིམས་ཁང་མདུན་དམངས་གཙོའི་ལས་འགུལ་བ་ཉེས་འཛུགས་ཕོག་པ་ཚོའི་འདྲ་པར་བཟང་ནས་ངོ་རྒོལ་སྐབས། ༡༢།༡༩།༢༠༢༡
AP

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་སྤེལ་མཁན་རྣམས་ལ་རྒྱལ་ཁབ་བདེ་འཇགས་དང་འབྲེལ་བའི་ཁྲིམས་ཀྱི་གཏུག་བཤེར་དེ་སྔོན་འགྲོའི་ཁྲིམས་བཤེར་ཐོག་རྒྱུན་རིང་ནར་འགྱངས་བྱས་ཡོད་ནའང་ད་ཆ་ཁྲིམས་བཤེར་དེ་རེས་གཟའ་མིག་དམར་ཉིན་དངོས་སུ་འགོ་འཛུགས་བྱས་ཡོད་འདུག
ཧོང་ཀོང་གི་དམངས་གཙོའི་ལས་འགུལ་སྤེལ་མཁན་རྣམས་ལ་གཞུང་འབྲེལ་མིན་པའི་ཐོག་སྔོན་འགྲོའི་འོས་བསྡུའི་ལས་དོན་སྤེལ་ནས་གཞུང་མགོ་རྟིང་སློག་རྩིས་བྱས་པའི་ཉེས་འཛུགས་བྱས་བ་དང་། ཁོང་ཚོ་ནི་ལོ་ན་༢༤ནས་༦༦བར་གྱི་ཧོང་ཀོང་གི་གྲོས་ཚོགས་ཀྱི་འཐུས་མི་དང་ངལ་རྩོལ་བའི་ཐོབ་ཐང་ཐོག་ལས་འགུལ་སྤེལ་མཁན། དེ་བཞིན་ཤེས་ལྡན་མི་སྣ་བཅས་ཚུད་པའི་མི་གྲངས་༤༧་ཡོད་པ་རེད།
ཁོང་རྣམ་པའི་སྔོན་འགྲོའི་ཁྲིམས་བཤེར་དེ་༢༠༢༠ལོའི་ཕྱི་ཟླ་གསུམ་པའི་ནང་འགོ་འཛུགས་བྱས་ཡོད་པ་དང་། ཁྲིམས་ཀྱི་གཏུགས་བཤེར་དེ་ཕྱི་གསལ་ནང་གསལ་མེད་པ་མ་ཟད། ཁྲིམས་གཏུག་དེའི་གནས་ཚུལ་ཁག་གསར་འགྱུར་བརྒྱུད་ལམ་སོགས་སུ་བཀོད་སྤེལ་བྱེད་རྒྱུར་དམ་དྲག་ཆེན་པོ་བྱས་ཡོད་པའི་ཐད་ཁོང་ཚོའི་ཁྲིམས་རྩོད་པ་དང་ནང་མི་རྣམས་ཀྱིས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།
ཉེ་ལམ་བདུན་སྔོན་མའི་རེས་གཟའ་ལྷག་པ་དང་རེས་གཟའ་ཕུར་བུའི་ཉིན་ཁོང་ཚོར་ཁྲིམས་ཁང་ནས་ཉན་ཞིབ་གནང་རྗེས། ཁོང་ཚོའི་གྲས་ནས་མི་གཅིག་མ་གཏོགས་གཞན་མི་༤༦
གིས་ས་གནས་ཀྱི་ཁྲིམས་དཔོན་(Peter Law)་མདུན་དུ་གཏུག་བཤེར་ཆོག་རྒྱུའི་ཁས་ལེན་གནང་འདུག
ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་དང་འབྲེལ་བའི་ཁྲིམས་དེ་ལག་བསྟར་བྱས་པ་ནས་
བཟུང་། མི་གྲངས་༡༨༠ལྷག་འཛིན་བཟུང་བྱས་བའི་ཁྲོད་ནས་མི་གྲངས་༡༡༥ལ་ཁྲིམས་ཐོག་གཏུག་བཤེར་བྱས་ཡོད་པ་རེད་འདུག

གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་པར་ངོས་ལེན་མེད་ཅེས་བོད་དོན་འཐབ་རྩོད་པ་ཚོས་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་དང་བསྟུན་གཞི་རྒྱ་ཆེ་བའི་ངོ་རྒོལ་སྤེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎