དམངས་གཙོའི་ལས་འགུལ་བ་ཞིག་ཧོང་ཀོང་གི་གྲོས་ཚོགས་འཐུས་མིའི་འོས་མིར་འགྲན་ཞུགས།

2020-07-20
གློག་འཕྲིན།
མཆན།
Share
པར་བཀོད།
ཧོང་ཀོང་གི་དམངས་གཙོའི་ལས་འགུལ་སྤེལ་མཁན་(Joshua Wong)་ལགས།
ཧོང་ཀོང་གི་དམངས་གཙོའི་ལས་འགུལ་སྤེལ་མཁན་(Joshua Wong)་ལགས།
Reuters

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་སྤེལ་མཁན་(Joshua Wong)་ཧོང་ཀོང་གིི་གྲོས་ཚོགས་ཀྱི་འཐུས་མིའི་འོས་མིའི་འགྲན་བསྡུར་ནང་ཞུགས་འདུག
དེ་ཡང་ཧོང་ཀོང་ནང་དམངས་གཙོའི་ལས་འགུལ་སྤེལ་མཁན་ཡོང་གྲགས་ཅན་(Joshua Wong)་དེ་སྔོན་གྱི་ཧོང་ཀོང་འོས་བསྡུའི་ནང་བཀག་འགོག་བྱས་པའི་རྗེས། ད་རེས་སླར་ཡང་ཧོང་ཀོང་གི་གྲོས་ཚོགས་འོས་བསྡུའི་ནང་ཞུགས་རྒྱུའི་སྙན་ཞུ་འདི་ཚེས་༢༠་རེས་གཟའ་ཟླ་བའི་ཉིན་ཕུལ་ཡོད་འདུག
སྐུ་ཞབས་(Joshua Wong)་རིང་མིན་ཕྱི་ཟླ་དགུ་པའི་འོས་བསྡུའི་ནང་དམངས་གཙོ་དོན་གཉེར་ཅན་གྱི་འོས་མི་གྲ་སྒྲིག་གི་ཆེད་དུ། ཉེ་ཆར་ཧོང་ཀོང་ནང་དམངས་གཙོ་དོན་གཉེར་ཅན་གྱིས། གཞུང་འབྲེལ་མ་ཡིན་པའི་སྔོན་འགྲོའི་འོས་བསྡུ་བྱས་པའི་ནང་ཧོང་ཀོང་གི་ཚད་མཐོའི་དམངས་གཙོའི་ཐོབ་ཐང་རྩོད་ལེན་བྱེད་མཁན་གྱི་ན་གཞོན་བཅུ་གྲངས་ཀྱི་གྲས་ནས་གཅིག་ཡིན་ཞིང་། མང་པོ་ཞིག་གིས་འོས་བསྡུ་དེ་ནི་རྒྱ་ནག་གཞུང་གིས་ཧོང་ཀོང་ཐོག་ལ་གཏན་འབེབས་བྱས་པའི་ཁྲིམས་ལུགས་གསར་པ་དེར་མི་འདོད་པའི་ངོ་རྒོལ་གྱི་འོས་བསྡུ་ཡིན་པར་ངོས་འཛིན་བྱེད་མཁན་ཡོད་པ་རེད།
འདི་ལོའི་ཕྱི་ཟླ་དགུ་པའི་ཚེས་༦་ཉིན་གྱི་ཧོང་ཀོང་གི་འོས་བསྡུ་དེའི་ཐོག་ནས། རྒྱ་ནག་གཞུང་ལ་བློ་དཀར་གཏོད་མཁན་གྱི་འཐུས་མི་ཕྱེད་ཀ་ཐད་ཀར་བསྐོ་བཞག་བྱས་པའི་གྲོས་ཚོགས་དེའི་ནང་ཧོང་ཀོང་གི་དམངས་གཙོ་དོན་གཉེར་ཅན་གྱིས་ཆབ་སྲིད་ཀྱི་ཤུགས་རྐྱེན་སྤེལ་ཐབས་གནང་གི་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།