རྒྱ་གར་རྒྱལ་ནང་ནས་བཟོས་པའི་ཏོག་དབྱིབས་སྔོན་འགོག་སྨན་ཁབ་འགྲེམས་སྤེལ་གནང་བ།

2021-01-16
Share
རྒྱ་གར་རྒྱལ་ནང་ནས་བཟོས་པའི་ཏོག་དབྱིབས་སྔོན་འགོག་སྨན་ཁབ་འགྲེམས་སྤེལ་གནང་བ། རྒྱ་གར་གྱི་སྲིད་བློན་མཆོག་གིས་རྒྱལ་ནང་ནས་བཟོས་པའི་ཏོག་དབྱིབས་སྔོན་འགོག་སྨན་ཁབ་འགྲེམས་སྤེལ་གནང་ཐུབ་པ་དེ་ནི་སྤོབས་པ་འོས་པ་ཞིག་ཡིན་ལུགས་གསུངས་འདུག
གེཙ་ཕའོན་ཌེ་ཤེན།

དེ་རིང་གཟའ་སྤེན་པ་སྟེ་ཕྱི་ཟླ་༡ཚེས་༡༦ཉིན་རྒྱ་གར་རྒྱལ་ཡོངས་སུ་ཀོ་ཝིདྲ་༡༩ འམ་ཏོག་དབྱིབས་ནད་འབུའི་རིམས་ནད་ཀྱི་སྔོན་འགོག་ཁབ་གཉིས་དངོས་སུ་འགྲེམས་སྤེལ་གནང་ཡོད་པ་དང་སྲིད་བློན་མཆོག་གིས་རྒྱལ་ཡོངས་གསུང་འཕྲིན་གནང་བའི་ནང་ཚན་རིག་པ་དང་འབྲེལ་ཡོད་ལས་བྱེད་ཚོར་སྨན་ཁབ་རྒྱལ་ནང་རང་དུ་གསར་བཟོ་བྱེད་ཐུབ་པར་བསྔགས་བརྗོད་ཤུགས་ཆེ་གནང་ཡོད་པ་རེད། དེ་ཡང་སྲིད་བློན་ན་རན་དར་མོ་རྡི་མཆོག་གིས་ད་རིང་ཉི་མོ་འདི་ནི་ང་ཚོའི་རྒྱལ་ཁབ་ཀྱི་ཚན་རིག་པ་དང་འབྲེལ་ཡོད་ལས་བྱེད་ཚོས་དུས་ཡུན་ཐུང་ངུ་ཞིག་ནང་ཉིན་མཚན་བསྟུད་མར་ཕྱག་ལས་གནང་བའི་གྲུབ་འབྲས་ལ་བརྟེན་ནས་ད་ཆ་དངོས་སུ་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་འགོག་ཁབ་གཉིས་གསར་བཟོ་ཐུབ་པ་བྱུང་ཡོད་པ་རེད། དེ་ནི་ང་ཚོའི་རྒྱལ་ཁབ་ཀྱི་ནུས་པ་ག་འདྲ་ཡོད་མེད་མིག་དཔེ་བཏོན་ཐུབ་པ་ཞིག་དང་གཟི་བརྗིད་ཞིག་ལ་ངོས་འཛིན་བྱེད་ཆོག ལྷག་པར་དུ་སྨན་ཁབ་གསར་བཟོ་བྱེད་རྒྱུའི་ཐོག་དཀའ་ལས་རྒྱབ་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་འཚོར་སྣང་ཤུགས་ཆེན་པོའི་ཐོག་ནས་གཏམ་བཤད་སྤེལ་གནང་ཡོད་པ་རེད། དེ་དང་ཕྱོགས་མཚུངས་སྲིད་བློན་མཆོག་གིས་ཚན་རིག་པ་ཚོས་སྨན་ཁབ་དེ་དག་ཧ་ཅང་དོ་ནན་པོ་དང་ཞིབ་མཇུག་ཐིལ་ཕྱིན་གནང་བའི་མཚམས་སུ་དངོས་སུ་བེད་སྤྱོད་བྱེད་རྒྱུར་ཆོག་ཆན་ཐོབ་པ་ཞིག་རེད། དེ་འདྲ་ཡིན་དུས་ད་ཆ་གཞི་རྒྱ་ཆེ་བའི་སྨན་ཁབ་དེ་དག་མང་ཚོགས་ནས་བེད་སྤྱོད་བྱེད་པའི་སྐབས་ནད་ཡམས་སྔོན་འགོག་གི་སྒྲིག་གཞི་གཞིར་བཟུང་འགྲོ་དགོས་ལུགས་གསུངས་འདུག

གོང་དུ་ཞུས་པའི་སྨན་ཁབ་གཉིས་པོ་ནི་Covidshield དང་Covidxin གཉིས་ཡིན་པ་རེད། ད་རིང་ནས་འགོ་བཙུགས་པའི་སྨན་ཁབ་ཐོག་མར་སྨན་ཁང་ནང་གི་ལས་བྱེད་ས་ཡ་གཅིག་ཙམ་དང་དེ་ནས་དམག་ཞབས་དང་། ཉེན་རྟོག་པ་། མང་ཚོགས་དང་འབྲེལ་བའི་ལས་ཀ་བྱེད་མཁན་བཅས་མི་གྲངས་ས་ཡ་གསུམ་ཙམ་ལ་བརྒྱབ་རྒྱུ། དེའི་རྗེས་སུ་ལོ་ན་ལྔ་བཅུ་ཡན་ཆད་དང་རིམ་པས་མང་ཚོགས་གཞན་རྣམས་ལ་རྒྱབ་རྒྱུ་བཅས་རིམ་པ་འགའ་ཤས་ཡོད་འདུག འཛམ་གླིང་ནང་མི་འབོར་ཐེར་འབུམ་གཅིག་ལྷག་ཙམ་ཡོད་པའི་རྒྱ་གར་རྒྱལ་ཁབ་ནང་སྔོན་འགོག་ཁབ་རྒྱབ་རྒྱུ་དེ་ནི་གཞི་རྒྱ་ཆེ་ཤོས་ཤིོག་ཏུ་གྱུར་རྒྱུ་ཡིན་པ་རེད།།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།