ཁ་ཤགས་སྒྱུ་རྩལ་བ་འཇམ་དབྱངས་བློ་གྲོས་ལགས་གློ་བུར་སྐུ་གྲོངས་འདུག
2019.05.27
མདོ་སྨད་མགོ་ལོག་ཕྱོགས་སུ་མི་མང་གིས་དགའ་མོས་བྱེད་སའི་ཁ་ཤགས་བཤད་མཁན་སྒྱུ་རྩལ་པ་འཇམ་དབྱངས་བློ་གྲོས་ལགས་གློ་བུར་དུ་སྐུ་གྲོངས་འདུག
དེ་ཡང་གནས་ཚུལ་ལྟར་ན། ཟླ་འདིའི་ཚེས་༢༦ཉིན་མདོ་སྨད་མགོ་ལོག་ཕྱོགས་སུ་སྐད་གྲགས་ཡོད་པའི་ཁ་ཤགས་བཤད་མཁན་འཇམ་དབྱངས་བློ་གྲོས་ལགས་གློ་བུར་ཁྲག་མཐོ་བའི་ན་ཚ་བྱུང་ནས་ཟི་ལིང་དུ་དགུང་ལོ་༤༦་ཐོག་སྐུ་གྲོངས་ཡོད་པ་དང་། ཁོང་ནི་ནམ་རྒྱུན་ཁ་ཤགས་དང་གར་ཆུང་འཁྲབ་མཁན་དམངས་ཁྲོད་སྒྱུ་རྩལ་པ་ཞིག་ཡིན་པར་ཁོང་གི་བརྩམས་ཆོས་ལ་བཞད་གར་མཆིས་ནད་ཐུམ་འབུ་དང་། ཁ་ཤགས་རྟ་གྱོད་སོགས་ཡོད་འདུག
འཇམ་དབྱངས་བློ་གྲོས་ལགས་ནི་མགོ་ལོག་པདྨ་རྫོང་ནས་སྤྱི་ལོ་༡༩༧༣་ལོར་སྐྱེས་བ་ཡིན་འདུག