༧གོང་ས་མཆོག་གིས་བོད་མི་ཚོར་མཇལ་ཁ་དང་བཀའ་སློབ་གནང་བ།


2015.12.24
Share on WhatsApp
Share on WhatsApp
༧གོང་ས་མཆོག་གིས་ཕྱི་ནང་གི་དད་ལྡན་རྒྱ་རིགས་ཆོས་ཞུ་བ་ཚོར་མཇལ་བཞིན་པ། ༢༠༡༥།༡༢།༢༣ ༧གོང་ས་མཆོག་གིས་ཕྱི་ནང་གི་དད་ལྡན་རྒྱ་རིགས་ཆོས་ཞུ་བ་ཚོར་མཇལ་བཞིན་པ། ༢༠༡༥།༡༢།༢༣
Tenzin Choejor/OHHDL

༧གོང་ས་མཆོག་གིས་བོད་མི་རིགས་ལ་ཤེས་ཡོན་གལ་ཆེན་ཡིན་པས་ཤེས་ཡོན་མེད་ན་ང་ཚོ་མུ་མཐུད་ནས་རྗེས་ལུས་སུ་གནས་རྒྱུ་ཡིན་པ་གསུངས།
དེ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་བྷེ་ཀོབ་བོད་མིའི་གཞིས་ཆགས་སུ་ཆགས་པའི་གདན་ས་བཀྲིས་ལྷུན་པོའི་ནང་བྱང་ཆུབ་ལམ་རིམ་གྱི་བཀའ་ཆོས་དབུ་བཙུགས་མ་མཛད་གོང་དེར་ཆོས་ཞུ་བ་བོད་མི་༢༧༠ལྷག་ལ་མཇལ་ཁ་དང་བཀའ་སློབ་སྩལ་གནང་ཡོད་པ་རེད།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གདན་ས་བཀྲིས་ལྷུན་པོར་ཕྱི་ཟླ་བཅུ་གཉིས་པའི་ཚེས་༢༠ནས་བྱང་ཆུབ་ལམ་རིམ་ཆེན་མོའི་བཀའ་ཆོས་དབུ་བཙུགས་མཛད་པ་དང་། ཕྱི་ཚེས་༢༣ཉིན་བཀའ་ཆོས་ཉིན་བཞི་པ་དབུ་བཙུགས་མ་མཛད་གོང་དེར་ཆོས་ཞུ་བ་བོད་མི་མི་གྲངས་༢༧༠ལྷག་ལ་བཀའ་སློབ་སྩལ་བའི་ནང་། འདས་ཟིན་པའི་ལོ་ངོ་༦༠དང་དམིགས་བསལ་རིག་གནས་གསར་བརྗེ་ཟེར་བའི་དུས་སྐབས་སུ། རྒྱ་ནག་གི་ཕྱོགས་ནས་བོད་ནི་ཆེས་རྗེས་ལུས་ཤིག་ཏུ་ངོས་འཛིན་བྱས་ཡོད་ཀྱང་ད་ཆ་རྒྱ་ནག་ནང་དུ་ནང་པ་ས་ཡ་༤༠༠ཙམ་ཡོད་པའི་གནས་ཚུལ་ཡོད་པ་མ་ཟད་། ཁོང་ཚོ་མང་ཆེ་བ་བོད་ཀྱི་ནང་ཆོས་ལ་དོ་སྣང་ཡོད་པའི་གནས་ཚུལ་ཡོད་པ་རེད། ང་ཚོ་བོད་པ་ཚོར་མཚོན་ན་ནང་ཆོས་སློབ་གཉེར་བྱེད་པར་བོད་ཀྱི་སྐད་ཡིག་སྦྱང་མི་དགོས་པའི་ཆ་རྐྱེན་ལྡན་ཡོད་པར་བརྟེན་ནས་ནང་ཆོས་ཀྱི་བཀའ་འགྱུར་བསྟན་འགྱུར་གྱི་ཕྱག་དཔེ་རྣམས་ཁྱིམ་དུ་ཉར་ཚགས་བྱེད་པ་ཙམ་མིན་པར་ཀློག་པ་དང་། སློབ་གཉེར་བྱ་དགོས་པ་ཡིན། ངོས་ནས་ལོ་ངོ་དྲུག་ནས་ནང་ཆོས་སློབ་གཉེར་བྱས་པ་དེ་ཡིས་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་མ་ཟད་། ད་ཆ་འཛམ་གླིང་གི་ཚན་རིག་པས་ནང་ཆོས་ལ་དོ་སྣང་ཇེ་ཆེར་འགྲོ་བ་དང་ཆབས་ཅིག་ནང་པའི་ཆོས་ཀྱི་ནང་དོན་དང་དེའི་ཡོན་ཏན་རྣམས་ཀྱིས་སེམས་དང་སེམས་ཀྱི་འདུ་ཤེས་ལ་ཕན་ཐོགས་སྐྲུན་ཐུབ་ཀྱི་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད་པར་བརྟེན་ནས། ནང་ཆོས་སློབ་གཉེར་བྱས་ནས་སློབ་གཉེར་བྱས་པ་དེ་མི་ཚེའི་ནང་བེད་སྤྱོད་གཏོང་ཐུབ་པ་ཞིག་བྱ་དགོས་པ་ཡིན། བཀའ་འགྱུར་བསྟན་འགྱུར་དེ་དག་ལ་བོད་ཀྱི་མཁས་པ་ཁྲི་གཅིག་གིས་ཕྱག་ལས་གནང་ཡོད་པ་སོགས་བོད་ཀྱི་ནང་ཆོས་ནི་དངོས་ཡོད་ཀྱི་རིན་ཐང་དང་ཕྱུག་པོ་ཡིན་པ་རེད་ཅེས་དང་།
ཡང་བོད་མི་རིགས་ལ་ཤེས་ཡོན་ནི་ཧ་ཅང་གི་གལ་ཆེན་པོ་ཡིན་པ་དང་། ཤེས་ཡོན་མེད་ན་ང་ཚོ་མུ་མཐུད་ནས་རྗེས་ལུས་སུ་གནས་རྒྱུ་ཡིན་ཞིང་། ང་ཚོ་བོད་མི་རིགས་ཚོར་སོ་སོའི་ཐོུང་མ་ཡིན་པའི་རིག་གཞུང་ཡོད་པ་དེ་དག་གི་ནང་དོན་རྣམས་ངེས་པར་དུ་ངེས་པ་རྙེད་པ་ཞིག་ཤེས་པ་བྱ་དགོས་གལ་ཆེན་པོ་ཡིན་པའི་སྐོར་སོགས་བཀའ་སློབ་སྩལ་གནང་ཡོད་པ་རེད་།

གསར་འགོད་པ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ལོ་འཁོར་སྙན་ཐོའི་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གསལ་བོར་བཀོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎