ཉི་ཧོང་རྒྱ་ནག་ལ་ཉེས་ཆད་གཅོད་མཁན་རྒྱལ་ཁབ་གྲས་སུ་ཞུགས་དགོས་པའི་འབོད་སྐུལ་དང་གནོན་ཤུགས།

2021.03.30
Share on WhatsApp
Share on WhatsApp
ཉི་ཧོང་རྒྱ་ནག་ལ་ཉེས་ཆད་གཅོད་མཁན་རྒྱལ་ཁབ་གྲས་སུ་ཞུགས་དགོས་པའི་འབོད་སྐུལ་དང་གནོན་ཤུགས། ཨ་རིའི་བདེ་སྲུང་དྲུང་ཆེ་(Lloyd Austin)དང་ཕྱི་སྲིད་དྲུང་ཆེ་(Antony Blinken)གཉིས་ཀྱིས་ཉི་ཧོང་དུ་ཉི་ཧོང་གི་སྲིད་བློན་མཇལ་སྐབས། ༣།༡༦།༢༡
Reuters

ཉི་ཧོང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དང་འབྲེལ་ནས་རྒྱ་ནག་གཞུང་ལ་ཉེས་ཆད་གཏོང་མཁན་དམངས་གཙོའི་རྒྱལ་ཁབ་ཚོའི་ནང་མཉམ་ཞུགས་དགོས་པའི་འབོད་སྐུལ་གྱི་གནོན་ཤུགས་སླེབས་བཞིན་ཡོད་འདུག
དེ་ཡང་ཉི་ཧོང་གི་སྲིད་བློན་སྐུ་ཞབས་(Yoshihide Suga)ལགས་དང་ཨ་རིའི་སྲིད་འཛིན་སྐུ་ཞབས་(Joe Biden)རྣམ་གཉིས་ཐེངས་དང་པོ་མཇལ་འཕྲད་གྲོས་མོལ་གནང་རྒྱུའི་འཆར་གཞི་ཡོད་པར་བརྟེན་ནས། སྐུ་ཞབས་(Yoshihedi Suga)ལགས་ལ། རྒྱ་ནག་གཞུང་གིས་ཤིན་ཅང་ངམ་ཤར་ཏུར་ཀིསུ་ཐན་ནང་གི་ཡུ་གུར་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་བཏང་དང་གཏོང་བཞིན་པའི་བྱ་སྤྱོད་ལ་ཐད་ཀར་ཉེས་ཆད་གཏོང་མཁན་ནུབ་ཕྱོགས་ཀྱི་དམངས་གཙོའི་རྒྱལ་ཁབ་ཁག་ཅིག་གི་ནང་མཉམ་ཞུགས་བྱ་དགོས་པ་ཕྱོགས་མང་པོ་ནས་འབོད་སྐུལ་གྱི་གནོན་ཤུགས་སྤྲོད་བཞིན་ཡོད་པ་རེད་འདུག
འོན་ཀྱང་རྒྱ་ནག་གཞུང་གིས་འདི་ཚེས་༢༧རེས་གཟའ་སྤེན་པའི་ཉིན། ཨ་མི་རི་ཀ་དང་ཁེ་ཎ་ཌའི་འབྲེལ་ཡོད་ཚོར་འཁོན་ལན་སློག་རྒྱུའི་ཉེས་ཆད་གསལ་བསྒྲགས་བྱས་པ་དང་། དེའི་སྔོན་དབྱིན་ཇི་དང་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་དཔོན་རིགས་ལའང་འཁོན་ལན་སློག་ཡོད་ལུགས་བཤད་ནས། རྒྱ་ནག་གཞུང་གིས་ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་ཐོག་ལ་གདུག་རྩུབ་ཅན་གྱི་བྱ་སྤྱོད་ལག་བསྟར་བྱེད་བཞིན་པའི་ནག་ཉེས་ཉེས་འཛུགས་བྱས་པ་རྣམས་ངོས་ལེན་བྱེད་ཀྱི་མེད་པ་རེད།
ཉི་ཧོང་གཞུང་ནི། ཉི་ཧོང་དང་ཚོང་འབྲེལ་ཆེན་པོ་ཡོད་མཁན་གྱི་རྒྱལ་ཁབ་ཐོག་ལ་དཔལ་འབྱོར་གྱི་ཉེས་ཆད་གཏོང་རྒྱུར་དུས་ཡུན་རིང་པོ་ནས་ངོ་རྒོལ་གྱི་ལངས་ཕྱོགས་འཛིན་མཁན་ཞིག་ཡིན་ཞིང་། སྐུ་ཞབས་(Suga)ལགས་ཀྱི་གཞུང་འཛིན་ནང་གི་དཔོན་རིགས་ཁག་ཅིག་གིས་ཁོང་ལ། རྒྱ་ནག་ལ་ཉེས་ཆད་གཏོང་བའི་རྒྱལ་ཁབ་ནང་མཉམ་ཞུགས་མི་གནང་བའི་འབོད་སྐུལ་ཞུས་བ་མ་ཟད། དམིགས་བསལ་རིང་མིན་ཕྱི་ཟླ་བདུན་པའི་ནང་ཚོགས་རྒྱུའི་འཛམ་གླིང་གི་འཕྲུལ་རིགས་ཡར་ཐོན་ཅན་གྱི་རྒྱལ་ཁབ་བདུན་གྱི་ལྷན་ཚོགས་ཐོག་ལྟ་བ་བརྟན་པོ་གནང་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་པ་རེད།
སྐུ་ཞབས་(Suga)ནི་རྒྱལ་སྤྱིའི་དབུ་ཁྲིད་ནང་ནས་ཨ་རིའི་སྲིད་འཛིན་གསར་པ་དང་ལྷན་དུ་ཨ་རིའི་ཕོ་བྲང་དཀར་པོའི་ནང་མཇལ་འཛོམས་གནང་མཁན་ཐེངས་དང་པོ་ཆགས་རྒྱུ་ཡིན་པ་དང་། གསར་འགྱུར་བརྒྱུད་ལམ་ཁག་ཏུ། དབུ་ཁྲིད་གཉིས་ཀྱི་མཇལ་འཕྲད་དེ་ཕྱི་ཟླ་༤པའི་ཚེས་༩ཉིན་གནང་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། སྐབས་དེར་གྲོས་མོལ་ནང་རྒྱ་ནག་གི་གནད་དོན་དང་རྒྱལ་ཁབ་བདུན་གྱི་ལྷན་ཚོགས་སྐོར་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་བྱ་སྤྱོད་ལ་ཡིད་གཟབ་གནང་དགོས་བ་ཉི་ཧོང་དུ་གསུངས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎