ཉི་ཧོང་གི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ལ་འཚམས་འདྲི།

2021-05-20
Share
ཉི་ཧོང་གི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ལ་འཚམས་འདྲི། ཉི་ཧོང་གི་ཤེས་རིག་བློན་ཆེན་ཟུར་པ་སྐུ་ཞབས་ཞི་མོ་མུ་ར་ཧ་ཀུ་བྷོན་(Shimomura Hakubun)་ལགས་དང་ཉི་ཧོང་གི་གྲོས་ཚོགས་འཐུས་མི་ཟུར་པ་དང་ཉི་ཧོང་བོད་སྐྱོབ་ཚོགས་པའི་(Save Tibet Network Japan)་ཚོགས་མི་སྐུ་ཞབས་མཱ་ཀི་ནོ་སེཡི་ཤུ་(Makino Seishu)་ལགས་གཉིས།
སྒྲིག་བཟོ།

ཉི་ཧོང་གི་རྒྱལ་ཡོངས་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་མིའི་སྒྲིག་འཛུགས་ཀྱི་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ལ་འཚམས་འདྲི་གནང་འདུག
ཉི་ཧོང་གི་ཤེས་རིག་བློན་ཆེན་ཟུར་པ་སྐུ་ཞབས་ཞི་མོ་མུ་ར་ཧ་ཀུ་བྷོན་(Shimomura Hakubun)་ལགས་ཀྱིས་ཉི་ཧོང་གི་རྒྱལ་ཡོངས་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་མཚན་ཐོག་ནས་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ལ་ཕྱི་ཟླ་ ༥ ཚེས་ ༡༩ ཉིན་འཚམས་འཕྲིན་ཞིག་གནང་པ་དེའི་ནང་། སྤེན་པ་ཚེ་རིང་ལགས་༢༠༢༡་ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལ་བདམས་ཐོན་བྱུང་བར་འཚམས་འདྲི་དང་སྦྲགས། ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་མཐུན་ཕྱོགས་རྒྱལ་ཁབ་ཚོ་དང་ལྷན་དུ་མཉམ་རུབ་ཀྱིས་མང་གཙོ་དང་། རང་དབང་། ཁྲིམས་ཀྱི་དབང་སྒྱུར་བཅས་ཀྱི་ཐོག་ཕྱག་ལས་གནང་རྒྱུ་དང་། བོད་ཀྱི་གནད་དོན་ཐག་གཅོད་ཡོང་བར་རོགས་རམ་གང་ཐུབ་གནང་རྒྱུ་ཡིན་པ་གསུངས་འདུག། སྐུ་ཞབས་ཞི་མོ་རུ་ཧ་ཀུ་བྷོན་ནི་ཉི་ཧོང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཡང་ཡིན་པ་རེད། འཛམ་གླིང་ཡུལ་གྲུ་གང་སའི་གྲོས་ཚོགས་ཀྱི་ནང་གྲོས་ཚོགས་ཀྱི་འཐུས་མི་ལས་གྲུབ་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཡོད་ཅིང་། ཉི་ཧོང་གི་ཚོགས་པ་དེ་ནི་ཆེ་ཤོས་དེ་ཡིན་འདུག
ཉེ་ཆར་བོད་མིའི་སྒྲིག་འཛུགས་ཀྱི་འཁྱུར་ལ་ཉེ་བའི་སྲིད་སྐྱོང་བློ་བཟང་སེངྒེ་ལགས་སུ་ཉི་ཧོང་གྲོས་ཚོགས་ཀྱི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཁོང་གི་འདས་པའི་ལོ་བཅུའི་རིང་ཕྱག་ལས་གནང་པའི་གྲུབ་འབྲས་ལ་དགའ་བསུ་ཞུ་བའི་དྲ་ལམ་གྱི་མཛད་སྒོ་ཞིག་ཚོགས་ཤིང་། ཕྱི་ཟླ་ ༥ ཚེས་ ༡༩ ཉིན་བདམས་སྲིད་སྐྱོང་གསར་པར་འཚམས་འཕྲིན་གནང་པ་དེའི་ནང་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱིས་འདས་པའི་ལས་ཡུན་ལོ་ངོ་བཅུའི་རིང་བོད་དོན་ཆེད་ཕྱག་ལས་ཧུར་ཐག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་པ་སོགས་བཀོད་འདུག
ད་དུང་ཡང་ཉི་ཧོང་གི་གྲོས་ཚོགས་འཐུས་མི་ཟུར་པ་དང་ཉི་ཧོང་བོད་སྐྱོབ་ཚོགས་པའི་ (Save Tibet Network Japan)་ཚོགས་མི་སྐུ་ཞབས་མཱ་ཀི་ནོ་སེཡི་ཤུ་ (Makino Seishu)་ལགས་ཀྱིས་ཀྱང་། བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ལ་འཚམས་འདྲི་དང་འབྲེལ་ཉི་ཧོང་བ་རྣམས་ཀྱིས་ཁོང་ལ་རྒྱབ་སྐྱོར་ཞུ་རྒྱུ་བཀོད་ཡོད་པ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག

Congratulatorymessage.jpg
འདིའི་སྔོན་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱིས་གཞུང་འབྲེལ་ཐོག་ནས་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་འཚམས་འདྲི་གནང་ཡོད་ལ། དེ་བཞིན་ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་(Wu Zhao-xie)འམ་(Joseph Wu)་ལགས་ནས་ཀྱང་དེ་མཚུངས་འཚམས་འདྲི་གནང་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།