ཉི་ཧོང་གི་སྲིད་བློན་པེ་ཅིན་ཨོ་ལིམ་ཕིག་གི་མཛད་སྒོར་ཕེབས་རྒྱུ།
ཉི་ཧོང་གི་སྲིད་བློན་ཡཱ་སུ་ཨོ་ཕྷུ་ཀུ་ཌ་མཆོག་པེ་ཅིན་ཨོ་ལིམ་ཕིག་ རྩེད་འགྲན་གྱི་འགོ་འབྱེད་མཛད་སྒོར་ཕེབས་རྒྱུ་ཡིན་པ་གསུང་བཞག
-
2008-05-02 -
-
-
༄༅༎
ཉི་ཧོང་གི་སྲིད་བློན་ཡཱ་སུ་ཨོ་ཕྷུ་ཀུ་ཌ་མཆོག་པེ་ཅིན་ཨོ་ལིམ་ཕིག་རྩེད་འགྲན་གྱི་འགོ་འབྱེད་མཛད་སྒོར་ཕེབས་རྒྱུའི་འདོད་ཚུལ་བཏོན་
གནང་ཡོད་པ་དང་། ཡིན་ནའང་ད་ལྟའི་ཆར་མཐའ་མའི་ཐག་གཅོད་བྱུང་མེད་པ་གཟའ་པ་སངས་ཉིན་སྲིད་བློན་གྱི་
མགྲིན་ཚབ་པས་འགྲེལ་བརྗོད་གནང་བཞག
ཉི་ཧོང་གི་སྲིད་བློན་པེ་ཅིན་ཨོ་ལིམ་ཕིག་རྩེད་འགྲན་གྱི་འགོ་འབྱེད་མཛད་སྒོར་ཕེབས་རྒྱུའི་སྐོར་གྱི་གཞུང་འབྲེལ་གསལ་བསྒྲགས་ཤིག་
རྒྱ་ནག་གི་སྲིད་འཛིན་ཝུའུ་ཇིང་ཐའོ་ཉི་ཧོང་ནང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་པའི་སྐབས་ཕྱིར་བསྒྲགས་གནང་རྒྱུ་ཡིན་པ་
ཉི་ཧོང་གཞུང་འབྲེལ་དཔོན་རིགས་ནས་གསུང་བའི་སྐོར་ཀྱིཡོ་ཌོ་གསར་འགྱུར་བརྒྱུད་ལམ་གྱིས་ལུང་འདྲེན་བྱས་ནས་གནས་ཚུལ་
སྤེལ་ཡོད་པ་རེད་། ད་རེས་ཉི་ཧོང་གི་སྲིད་བློན་པེ་ཅིན་ཨོ་ལིམ་ཕིག་རྩེད་འགྲན་གྱི་འགོ་འབྱེད་མཛད་སྒོར་ཕེབས་པ་ཡིན་ཚེ་དེ་ནི་འདས་པའི་ལོ་ངོ་ཉི་ཤུ་
ལྷག་ཙམ་རིང་ཉི་ཧོང་གི་སྲིད་བློན་ཨོ་ལིམ་ཕིག་རྩེད་འགྲན་གྱི་འགོ་འབྱེད་མཛད་སྒོར་མཉམ་བཞུགས་གནང་བ་ཐོག་མ་ཆགས་ཀྱི་
ཡོད་པ་ཀྱིཡི་ཌོ་གསར་འགྱུར་བརྒྱུད་ལམ་ཐོག་གནས་ཚུལ་འཁོད་ཡོད་འདུག ད་རེས་ཉི་ཧོང་གི་སྲིད་བློན་མཆོག་ནས་པེ་ཅིན་ཨོ་ལིམ་ཕིག་རྩེད་འགྲན་གྱི་འགོ་འབྱེད་མཛད་སྒོའི་ཐོག་ཕེབས་རྒྱུའི་ཐག་གཅོད་གནང་བ་
དེ་ནི་རིང་མིན་རྒྱ་ནག་གི་སྲིད་འཛིན་ཝུའུ་ཇིང་ཐའོ་ཉི་ཧོང་ནང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་ཀྱི་ཡོད་པར་བཟང་ཕྱོགས་ཀྱི་
རྣམ་འགྱུར་བཏོན་པ་ཞིག་ཡིན་པར་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་གནང་གི་ཡོད་པ་རེད་།