ཨ་རིའི་སྲིད་འཛིན་དང་། སྲིད་འཛིན་སྐུ་གཞོན་གྱི་དམ་འབུལ་གནང་སྟེ་སྲིད་འཛིན་དང་སྲིད་འཛིན་གཞོན་པའི་མཚན་གནས་དངོས་སུ་འགན་བཞེས་གནང་ཡོད་པ།

2021.01.20
ཨ་རིའི་སྲིད་འཛིན་དང་། སྲིད་འཛིན་སྐུ་གཞོན་གྱི་དམ་འབུལ་གནང་སྟེ་སྲིད་འཛིན་དང་སྲིད་འཛིན་གཞོན་པའི་མཚན་གནས་དངོས་སུ་འགན་བཞེས་གནང་ཡོད་པ། ཉེ་དུས་སྤྱི་ཟླ་༡༡ནང་འདེམས་ཐོན་བྱུང་བའི་ཨ་མི་རི་ཀའི་སྲིད་འཛིན་Joe Biden མཆོག་དང་ སྲིད་འཛིན་སྐུ་གཞོན་Kamala Harris རྣམ་གཉིས་ཀྱིས་ཕྱི་ཟླ་༡ཚེས་༢༠ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་མདུན་སྲིད་འཛིན་དང་། སྲིད་འཛིན་སྐུ་གཞོན་གྱི་དམ་འབུལ་གནང་སྟེ་སྲིད་འཛིན་དང་སྲིད་འཛིན་གཞོན་པའི་མཚན་གནས་དངོས་སུ་འགན་བཞེས་གནང་ཡོད་པ་རེད།
ཨེ་ཨེཕ་པི།

ཕྱི་ཟླ་༡ཚེས་༢༠་ཉིན་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཀྲོན་གྱི་གྲོས་ཚོགས་ཀྱི་ཐང་ཆེན་ཐོག་ཨ་རིའི་སྲིད་འཛིན་ཐེངས་༤༦པའི་དམ་འབུལ་མཛད་སྒོའི་ཐོག་སྐུ་མགྲོན་མང་པོ་ཞིག་འདུ་འཛོམས་གནང་ཡོད་པ་མ་ཟད སྐབས་དེར་སྙན་གྲགས་ཆེ་བའི་ཨ་མི་རི་ཀའི་གཞས་མ་Lady Gaga ཡིས་ཨ་རིའི་རྒྱལ་གླུ་བཏང་གནང་བ་དང་། དེ་བཞིན་Jennifer Lopez དང་ Garth Brooks གཉིས་ཀྱིས་འཁྲབ་སྟོན་གནང་བ་དང་། ལོ་ན་ཉི་ཤུ་རྩ་གསུམ་ཡིན་པའི་Amanda Gorman ཡིས་སྙན་ངག་གྱེར་འདོན་གནང་ཡོད་པ་རེད།

རྩ་བའི་ཆར་Covid-19ཏོག་དབྱིབས་ནད་འབུའི་རིམས་ནད་འགོས་ཁྱབ་མི་འགྲོ་བ་དང་ཉེ་དུས་གྲོས་ཚོགས་ནང་ངོ་རྒོལ་གི་གནས་ཚུལ་བྱུང་བ་དེའི་རིགས་བསྐྱར་དུ་མི་ཡོང་བའི་དོན་དུ་འདི་ག་ཨ་རིའི་རྒྱལ་སའི་ཁུལ་མཛད་སྒོའི་སྐབས་མང་ཚོགས་འདུ་འཛོམས་མེད་པ་བཟོས་གནང་ཡོད་ནའང།སྲིད་འཛིན་Joe Biden མཆོག་གི་དམ་འབུལ་མཛད་སྒོའི་ཐོག་སྲིད་འཛིན་ཟུར་པ་རྣམས་དང་གནད་ཡོད་མི་སྣ་གང་མང་འདུ་འཛོམས་གནང་ཡོད་པ་མ་ཟད རྒྱལ་སྤྱིའི་སྤྱི་ཚོགས་ཁག་ནས་ཀྱང་དེའི་ཐོག་ཐུགས་སྣང་ཆེན་པོ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་བལ་ཡུལ་ལ་ཨ་སྒོར་ས་ཡ་ ༢༠ རོགས་སྐྱོར་བྱ་རྒྱུ་སོགས་དོན་ཚན་དགུ་ཅན་གྱི་གྲོས་མཐུན་ལ་མཚན་རྟགས་བསྐྱོན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎