ཟབ་དོན་དབུ་མའི་བགྲོ་གླེང་ཐེངས་གསུམ་པ་ཚོགས་བཞིན་འདུག


2016.10.14
དཀར་མཛེས་དགོན་པའི་ནང་མདོ་ཁམས་ཟབ་དོན་དབུ་མའི་བགྲོ་གླེང་ཐེངས་གསུམ་པ་ཚོགས་བཞིན་པ། ༢༠༡༦།༡༠ དཀར་མཛེས་དགོན་པའི་ནང་མདོ་ཁམས་ཟབ་དོན་དབུ་མའི་བགྲོ་གླེང་ཐེངས་གསུམ་པ་ཚོགས་བཞིན་པ། ༢༠༡༦།༡༠
བོད་འབྱོར། བསོད་ནམས་དབང་འདུས།

དཀར་མཛེས་དགོན་པའི་ནང་མདོ་ཁམས་ཟབ་དོན་དབུ་མའི་བགྲོ་གླེང་ཐེངས་གསུམ་པ་ཚོགས་བཞིན་ཡོད་འདུག
དེ་ཡང་ད་ལྟའི་དཀར་མཛེས་རྫོང་ཁོངས་སུ་ཡོད་པའི་དཀར་མཛེས་བཤད་སྒྲུབ་ནོར་བུ་གླིང་དགོན་པའི་ནང་ཟླ་འདིའི་ཕྱི་ཚེས་༡༠་ནས་༡༤་བར་མདོ་ཁམས་ཀྱི་མཁས་པའི་བགྲོ་གླེང་ཐེངས་གསུམ་པ་དེ་ཚོགས་བཞིན་པ་དང་། བགྲོ་གླེང་ལྷན་ཚོགས་དེའི་ཐོག་བྱེས་ཀྱི་སེར་འབྲས་དགའ་གསུམ་ནས་དགེ་བཤེས་ལྷ་རམས་པ་ཐོན་རྗེས་བོད་ནང་ཕེབས་ཡོད་མཁན་རྣམས་གཙོ་བྱས་པའི་མདོ་ཁམས་ཁུལ་གྱི་དགོན་པ་༥༠་ཡས་མས་ཀྱི་བླ་མ་དང་མཁས་བ། སྐུ་ཚབ་བཅས་བརྒྱ་ཕྲག་འགའ་ལྷན་འཛོམས་གནང་ཡོད་པ་དང་། ཁོང་རྣམ་པས་ཟབ་དོན་དབུ་མའི་སྐོར་ལ་བགྲོ་གླེང་གནང་གི་ཡོད་སྐོར་བོད་ནས་དཀར་མཛེས་དགོན་པའི་དགེ་འདུན་པ་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་ངོ་སྤྲོད་བྱས་ཡོད།
གདན་ས་ཁག་ནས་དགེ་བཤེས་བརྒྱ་ལྷག་ཕེབས་ཡོད་པ་དང་དེ་དག་མང་ཆེ་ལྷ་རམས་པ་ཡིན་ཞིང་། བགྲོ་གླེང་ལྷན་འཛོམ་འདིའི་ཐོག་མདོ་ཁམས་ཡུལ་གྱི་དགོན་པ་ཁག་ནས་བསྡོམས་པས་མི་གྲངས་བདུན་བརྒྱ་བརྒྱད་བརྒྱ་ཙམ་འདུ་འཛོམ་གནང་ཡོད་པ་དང་། བགྲོ་གླེང་བརྗོད་གཞི་གཙོ་བོ་དེ་དབུ་མ་རེད་ཅེས་དང་། ཡང་ཁོང་གིས་མུ་མཐུད་གསུང་དོན་ལྟར་ན། ཐེངས་འདིའི་མཁས་པའི་བགྲོ་གླེང་ཚོཊ་སར་ས་གནས་ཡུལ་མི་སྟོང་ལས་བརྒལ་བ་འདུ་འཛོམས་བྱུང་ཡོད་པའི་གོ་སྐབས་དང་བསྟུན་ནས། དགེ་བཤེས་དང་བླ་སྤྲུལ་རྣམ་པས་ཡུལ་མི་རྣམས་ལ་ནང་ཆོས་ངོ་སྤྲོད་གནང་རྒྱུའི་གཙོས་ཡ་རབས་སྤྱོད་བཟང་དང་། སྐད་ཡིག་སྲུང་སྐྱོབ་དང་འབྲེལ་བའི་ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས། ལུས་ཕུང་བདེ་ཐང་དང་མི་ཚེ་བདེ་སྐྱིད་ཡོང་ཐབས། དེ་བཞིན་མི་རིཊ་ཤིག་ཡར་རྒྱས་འགྲོ་དགོས་ན་གཙོ་བོ་ཤེས་ཡོན་ལ་རགས་ལས་ཡོད་པའི་སྐོར་དང་། གཞན་ཡང་ན་གཞོན་ཚོས་སོ་སོའི་ཕ་མར་གུས་ཞབས་དང་བདག་སྐྱོང་བྱ་དགོས་པ་ལས་ཕ་མ་ཚོས་རང་ཉིད་ཀྱི་བུ་ཕྲུག་ལ་གསོ་སྐྱོང་ཚད་ལྡན་བྱ་རྒྱུ་གལ་ཆེན་ཡིན་པ་སོཊ་ཀྱི་ལམ་སྟོན་རིཊ་ཀྱང་གནང་བཞིན་ཡོད་འདུག

གསར་འགོད་པ་རྡོ་རྗེ་འཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཆར་རླུང་དྲག་པོ་བརྒྱབ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་གཞུང་འབྲེལ་མཛད་འཆར་ཁག་དབུ་འཛུགས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎