རྒྱ་གར་གྱི་ཡུལ་མི་ཚོར་མོན་གྷོ་བོད་མིས་མཐུན་འགྱུར་རོགས་རམ་གནང་བར་བསྔགས་བརྗོད་ཐོབ་པ།

2021-02-20
Share
རྒྱ་གར་གྱི་ཡུལ་མི་ཚོར་མོན་གྷོ་བོད་མིས་མཐུན་འགྱུར་རོགས་རམ་གནང་བར་བསྔགས་བརྗོད་ཐོབ་པ། རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ལ་ཀར་ཎ་ཊ་ཀ་མངའ་སྡེའི་ཀར་ཝར་རྫོང་དཔོན་ལས་ཁུང་ནས་ཆེ་བསྟོད་ངོས་འཛིན་གནང་འདུག
ལྷག་པ་ཚེ་རིང་།

༄༅།།རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ལ་ཀར་ཎ་ཊ་ཀ་མངའ་སྡེའི་ཀར་ཝར་རྫོང་དཔོན་ལས་ཁུང་ནས་ཆེ་བསྟོད་ངོས་འཛིན་གནང་འདུག ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་དུས་ཡུན་དེའི་རིང་སྤྱི་ཚོགས་སྤྱི་དང་ལྷག་པར་དུ་རྒྱ་གར་གྱི་ཡུལ་མི་ཚོར་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཀྱིས་མཐུན་འགྱུར་རོགས་རམ་གནང་བ་སོགས་ཀྱི་ལས་དོན་ལ་བསྔགས་བརྗོད་དང་ངོས་འཛིན་ཆེན་པོ་ཐོབ་པའི་ཐོག་ནས་ཀར་ཝར་རྫོང་དཔོན་ལས་ཁུངས་ནས་ཆེ་བསྟོད་མཛད་སྒོ་ཞིག་གོ་སྒྲིག་གནང་འདུག གཞིས་འགོ་ལྷག་པ་ཚེ་རིང་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་མཛད་སྒོའི་ཐོག་རྒྱ་གར་གཞུང་མང་གཉིས་དང་ལྷག་པར་དུ་ཀར་ཎ་ཀྲ་ཀའི་མངའ་སྡེ་འདི་བཞིན་བོད་མི་ཚོར་ལོ་ངོ་དྲུག་ཅུ་ཙམ་རིང་བཀའ་དྲིན་ཧ་ཅང་ཆེན་པོ་ཡིན་སྟབས་གཞུང་མང་གཉིས་ལ་བཀའ་དྲིན་རྗེས་དྲན་ཞུས་པའི་མཚོན་དོན་ཡིན་ལུགས་སོགས་གཏམ་བཤད་སྤེལ་ཡོད་པའི་སྐོར་གསུངས་ཀྱི་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།