༧གོང་ས་མཆོག་གིས་སྙིང་རྗེའི་སྐོར་བཀའ་སློབ།

༸གོང་ས་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་སློབ་གྲྭ་ཞིག་གི་སློབ་ཕྲུག་ཚོར་སྙིང་བརྗེའི་སྐོར་བཀའ་སློབ་སྩལ་གནང་མཛད་འདུག

2011.12.05

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཧུན་སུར་བོད་མིའི་གཞིས་ཆགས་ཁུལ་ཆིབས་བསྒྱུར་མ་བསྐྱངས་གོང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་གི་དབྱིན་ཇིའི་སློབ་གྲྭ་Delhi Public Schoolདུ་སློབ་ཕྲུག་ཚོར་སྙིང་བརྗེའི་སྐོར་བཀའ་སློབ་སྩལ་གནང་མཛད་འདུག།
ལྡི་ལིའི་སློབ་གྲྭ་དེ་དང་སློབ་གྲྭ་དེའི་ཁྱབ་ཁོངས་དབུལ་ཕོངས་ཕྲུ་གུའི་ཤེས་ཡོན་བསྟི་གནས་ཁང་ཨིབ་ཏི་རྡ་ཤིཀ་ཤ་ཀེན་རྡ་ར་གཉིས་ཐོུང་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གུས་བསུའི་སྣེ་ལེན་ཞུས་ཡོད་པ་དང༌། ༧གོང་ས་མཆོག་ནས་སློབ་ཕྲུག་ཚོར་དེང་སྐབས་ཀྱི་འཛམ་གླིང་ནང་མིའི་གཤིས་རྒྱུད་ལ་སྙིང་རྗེ་དང་བྱམས་སེམས་དགོས་གལ་ཆེ་བའི་སྐོར་བཀའ་སློབ་གནང་ཡོད་པ་དང༌།
སྐུ་རྩེད་དང་ཞལ་མོ་ཞལ་བཞིན་དུ་ཞི་བདེ་དང་འཆམ་མཐུན་། དེ་བཞིན་༧གོང་ས་མཆོག་གིས་འགྲོ་བ་མིའི་བདེ་རྩའི་ཆེད་དུ་ཕྱག་ལས་གནང་རྒྱུའི་དམ་བཅའ་མ་འགལ་བ་གནང་ཕྱོགས་སྐོར་བཀའ་འགྲེལ་གནང་སྐབས། ད་ལྟའི་སྐབས་འདིར་༧གོང་ས་མཆོག་གི་དམ་བཅའ་གཙོ་ཆེ་གཉིས་ནི་ འཚེ་མེད་ཞི་བའི་ལམ་ནས་འགྲོ་བ་མིའི་བདེ་སྐྱིད་གོང་འཕེལ་གཏོང་ཐབས་གནང་རྒྱུ་དང༌། ཆོས་ལུགས་ཕན་ཚུན་དབར་ཞི་མཐུན་མཉམ་གནས་ཡོང་ཐབས་བཅས་ཡིན་པར་བརྟེན། གནད་དོན་དེ་གཉིས་ཐོག་རྒྱ་གར་དེ་བཞིན་དཔེ་མཚོན་བཟང་ཤོས་དེ་ཡིན་སྐོར་
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་གནང་འདུག།
གོང་ཞུས་སློབ་གྲྭ་དེའི་སློབ་ཕྲུག་ཚོས་༧གོང་ས་མཆོག་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུངས་པའི་འཕགས་ལམ་ཡན་ལགས་བརྒྱད་དང་འབྲེལ་བའི་འཁྲབ་སྟོན་ཞིག་གཟིགས་འབུལ་དང་འབྲེལ་། ཞི་བདེའི་སྐོར་གྱི་སྙན་རྩོམ་ཞིག་ཀྱང་སྒྲོག་སྦྱངས་ཞུས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎