ལ་དྭགས་ཀྱི་བ་ཀུ་ལ་རིན་པོ་ཆེའི་དྲན་རྟེན་ལ་རབ་གནས།

2014-06-30
གློག་འཕྲིན།
མཆན།
Share
པར་བཀོད།
ལ་དྭགས་སུ་ཡོད་པའི་ཀླུ་འཁྱིལ་དགོན་པ། ༢༠༡༤།༦།༣༠
ལ་དྭགས་སུ་ཡོད་པའི་ཀླུ་འཁྱིལ་དགོན་པ། ༢༠༡༤།༦།༣༠
ཨེ་ཤེ་ཡ་རང་དབང་རླུང་འཕྲིན། པ་སངས་ཚེ་རིང་།

༧གོང་ས་མཆོག་གིས་བ་ཀུ་ལ་རིན་པོ་ཆེ་ནི་ལ་དྭགས་དེང་རབས་ཅན་ལ་བསྒྱུར་མཁན་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་པ་གསུངས་འདུག
དེ་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱི་ཚེས་༣༠་ཉིན་ལ་དྭགས་ལྕོག་ལམ་སའི་ཞི་བའི་ཚལ་ཕོ་བྲང་ནས་རྒྱལ་ས་སླེ་ལ་ཆིབས་བསྒྱུར་བསྐྱངས་ནས་སླེའི་ཇོ་ཁང་ནང་གནས་མཇལ་དང་འབྲེལ་དགའ་ལྡན་ཁྲི་རིན་པོ་མཆོག་དང་ལ་དྭགས་ནང་པའི་ཆོས་ཚོགས་ཀྱི་ཚོགས་མི། མི་མང་ཁག་གཅིག་བཅས་ལ་དམིཊ་བསལ་མཇལ་ཁ་དང་བཀའ་སློབ་སྩལ་དོན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྒྱུ་མཚན་དང་བརྟག་དཔྱད་གནང་བར་གལ་ཆེ་རྩིས་པ་དང་ཁོང་གི་རྗེས་འབྲང་པ་ཚང་མར་ཁོང་གིས་གསུངས་ལ་དད་པའི་ཐོག་མ་ཡིན་པར་བརྟག་དཔྱད་བྱེད་དགོས་གསུངས་ཀྱི་ཡོད་པར་བརྟེན་ནས་ཁོང་ནི་རྒྱ་གར་གྱི་གནའ་བོའི་ཚན་རིག་པ་ཞིག་ཡིན་པ་མ་ཟད། དེང་དུས་ཀྱི་ཚན་རིག་པ་མང་པོས་ཀྱང་སངས་རྒྱས་བཅོམ་འདས་ཚན་རིག་པ་ཞིག་ལ་ངོས་འཛིན་ཞུས་ཡོད་ཅེས་སོགས་བཀའ་སློབ་སྩལ་འདུག དེ་ནས་༧གོང་ས་མཆོག་གིས་བ་ཀུ་ལ་བློ་བཟང་ཐུབ་བསྟན་ཆོས་ནོར་རིན་པོ་ཆེ་མཆོག་གི་དྲན་རྟེན་གླིང་གར་ཆིབས་སྒྱུར་བསྐྱངས་ནས་དྲན་རྟེན་སྐུ་བརྙན་ལ་རབ་གནས་མཛད་པ་དང་མི་མང་ལ་བཀའ་སློབ་སྩལ་དོན། ཞིང་གཤེཌ་དམ་པ་བ་ཀུ་ལ་རིན་པོ་ཆེ་མཆོག་ནི་༧མགོན་པོ་གང་ཉིད་ཀྱི་གྲོགས་པོ་ཡག་ཤོས་ཤིག་དང་དགའ་མོས་ཆེན་པོ་ཞུ་ཡུལ་ཞིག་ཡིན་པ་དང་ཁོང་ལོ་མང་རིང་བོད་ནང་སློབ་སྦྱོང་གནང་མྱོང་ཡོད་པ། ཁོང་གིས་བོད་ནང་དགེ་བཤེས་རྒྱུགས་སྤྲོད་གནང་སྟེ་ལ་དྭགས་ལ་ཕྱིར་ཕེབས་རྗེས་སྲིད་བློན་ནེ་ཧ་རུ་མཆོག་ལ་འབྲེལ་ལམ་ཡག་པོ་བཙུགས་ཐུབ་པ་བྱུང་བ། ༧མགོན་པོ་གང་ཉིད་ནས་བ་ཀུ་ལ་རིན་པོ་ཆེ་ནི་ལ་དྭགས་དེང་རབས་ཅན་ལ་སྒྱུར་མཁན་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད་པ། ཁོང་གིས་ལ་དྭགས་མི་མང་གི་ཆེད་དུ་ཕྱག་ལས་བླ་མེད་གནང་བ་མ་ཟད། ལ་དྭགས་ནང་གི་དགོན་སྡེ་ཁག་ལ་རོགས་སྐྱོར་དང་ཞབས་འདེགས་སྒྲུབ་ཡོད་པ། ལ་དྭགས་པ་ཚོས་ཁོང་གི་སྐུ་བརྙན་བཞེངས་སྐྲུན་གྱིས་ཁོང་གི་མཛད་རྗེས་དྲན་གསོ་བྱ་རྒྱུ་གལ་ཆེན་པོ་རེད།  སྐུ་བརྙན་བཞེངས་སྐྲུན་གནང་མཁན་དང་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་སོགས་བཀའ་སློབ་སྩལ་གནང་མཛད་ཡོད་པ་རེད།
གསར་འགོད་པ་བསོད་ནམས་ལྷ་མོ།

མཆན། (4)
Share

ན་རོ

ནས། རྡ་རམ་ས་ལ

དགའ་བསུ་ཞུ

Jul 02, 2014 05:35 AM

ན་རོ

ནས། རྡ་རམ་ས་ལ

གོང་ས་མཆོག་གིས་བ་ཀུ་ལ་རིན་པོ་ཆེ་ནི་ལ་དྭགས་དེང་རབས་ཅན་ལ་བསྒྱུར་མཁན་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་པ་གསུངས་འདུག

Jul 02, 2014 05:25 AM

ན་རོ

ནས། རྡ་རམ་ས་ལ

ལ་དགས་ལ་འགྲོ་འདོད་ཡོད་།བླ་མའི་མཁྱེན།

Jul 02, 2014 05:12 AM

མི་རྐྱང

ནས། རྡ་རམ་ས་ལ

ལ་དགས་ཀྱི་དབང་ལ་འགྲོ་འདོད། བླ་མའི་མཁྱེན་ནོ།

Jul 02, 2014 04:53 AM

དྲ་གནས་ཆ་ཚང༌།