རྡ་རམ་ས་ལར་བོད་མི་ཉུང་ཤས་ལས་མེད་པའི་གནས་ཚུལ།

རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་ཡོད་པར་བརྟེན་བོད་མི་གནས་སྡོད་ས་གནས་མང་ཆེ་བའི་ནང་བོད་མི་ཉུང་ཤས་ལས་མེད་པའི་གནས་ཚུལ།
2011-12-31
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་ནས་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་དབང་ཆེན་ཞུ་བར་ཆོས་ཞུ་བ་འབུམ་ཕྲག་བརྒལ་བ་བཅར་རྒྱུའི་ཚོད་དཔག་བྱེད་བཞིན་པ་ལྟར། བོད་མི་གནས་ཡུལ་གྱི་རྒྱ་གར་གྱི་ས་གནས་གང་ས་ནས་བོད་མི་སེར་སྐྱ་འབོར་ཆེ་ཕྱོགས་བསྐྱོད་ཟིན་ཏེ། བོད་མའི་གཞིས་ཆགས་ཁག་དང་ རྡ་ས་མེཀ་ལོར་གྷན་ཇི་སོགས་ཀྱི་ནང་བོད་མི་ཉུང་ཤས་ལས་གནས་མེད་པ་རེད།
དཔེར་ན་ལྷོ་ཕྱོགས་གཞིས་ཆགས་ཁག་གི་ནང་ཡོད་པའི་གདན་ས་སེ་འབྲས་དགའ་གསུམ་གཙོས་པའི་དགོན་པ་ཁག་ནང་གི་དགེ་འདུན་པ་ཁང་སྲུང་བ་ཁ་ཤས་ལས་དེ་མིན་མང་ཆེ་བ་གནས་མཆོག་རྡོ་རྗེ་གདན་དུ་ཐོན་ཟིན་ཏེ། རྡོ་རྗེ་གདན་དུ་དགེ་འདུན་པ་ཁྲི་ཚོ་བརྒལ་བ་འབྱོར་ཟིན་ཡོད་པ་རེད།
བཞུགས་སྒར་རྡ་རམ་ས་ལར་ཆ་མཚོན་ན་ རྣམ་ཀུན་རྡ་སྟེང་མེཀ་ལོར་གྷན་ཇིར་རྒྱ་གར་དང་ཕྱི་རྒྱལ་ཁག་ནས་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཡོང་གི་ཡོད་སྟབས། བོད་མིའི་ཚོང་ཁང་དང་མགྲོན་ཁང་གཞན་ཡང་ཚོང་ལས་སྤེལ་མཁན་སོགས་བྲེལ་འཚུབ་ཆེ་བའི་རང་བཞིན་ཞིག་ཡོད་ན་ཡང་།  དེང་སྐབས་བོད་མི་ཁྱོན་ཆེ་རྡོ་རྗེ་གདན་དུ་ཐོན་ཟིན་སྟབས་ གྲོང་དེ་སྟོང་པ་ལྟ་བུར་གྱུར་ཡོད་པ་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།