རྒྱ་ནག་ནང་བློན་ཆེན་གཞོན་པ་གནང་མྱོང་མཁན་ཞིག་སྤྱི་ཁྱབ་རྩོམ་སྒྲིག་པར་བསྐོ་བཞག

2018-04-04
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་དབུས་དྲིལ་བསྒྲགས་ལྷན་ཁང་གི་བློན་ཆེན་གཞོན་པ་གནང་མྱོང་མཁན་ཐོ་ཀྲིན།
རྒྱ་ནག་དབུས་དྲིལ་བསྒྲགས་ལྷན་ཁང་གི་བློན་ཆེན་གཞོན་པ་གནང་མྱོང་མཁན་ཐོ་ཀྲིན།
CNS

རྒྱ་ནག་དབུས་དྲིལ་བསྒྲགས་ལྷན་ཁང་གི་བློན་ཆེན་གཞོན་པ་ཐོ་ཀྲིན་ཞེས་པ་དེ་རྒྱ་ནག་མི་དམངས་ཉིན་རེའི་ཚགས་པར་གྱི་སྤྱི་ཁྱབ་རྩོམ་སྒྲིག་པར་བསྐོ་བཞག་བྱས་འདུག
དེ་ཡང་སྤྱི་ཚེས་༤ཉིན་དབྱིན་ཇིའི་(BBC)་གསར་འགྱུར་ནང་གནས་ཚུལ་སྤེལ་བ་ལྟར་ན། དེ་སྔོན་རྒྱ་ནག་དབུས་དྲིལ་བསྒྲགས་ལྷན་ཁང་གི་བློན་ཆེན་གཞོན་པ་གནང་མྱོང་མཁན་ཐོ་ཀྲིན་རྒྱ་ནག་མི་དམངས་ཉིན་རེའི་ཚགས་པར་གྱི་སྤྱི་ཁྱབ་རྩོམ་སྒྲིག་པར་བཞག་གསལ་བསྒྲགས་བྱས་ཡོད་ལ། རྒྱ་ནག་གི་གསར་འགྱུར་ལས་རིགས་ཁྲོད་གནས་ཚུལ་འདིར་དོ་སྣང་ཆེན་བྱེད་བཞིན་ཡོད་པ་རེད། དེ་ནི་ཐོ་ཀྲིན་ནས་རྒྱ་ནག་ཀོང་ཏུང་ཞིང་ཆེན་གྱི་དྲིལ་བསྒྲགས་བློན་ཆེན་གྱི་འགན་འཁུར་སྐབས། ས་གནས་དེར་ཡོད་པའི་ལྷོ་ཕྱོགས་གཟའ་མཇུག་ཞེས་པའི་ཚགས་པར་ནང་ལོ་གསར་གྱི་ཤིས་ཚིག་ལ་འགྱུར་བ་བཏང་ནས་རང་དབང་གི་བསམ་བློ་སྤེལ་བར་བརྟེན་སྐབས་དེར་སྐད་གྲགས་ཆགས་ཡོད་ལ། མི་མང་པོས་ཐོ་ཀྲིན་ནི་རྒྱ་ནག་གི་གསར་འགྱུར་རང་དབང་གི་མི་སྣ་ཞིག་ལ་ངོས་འཛིན་བྱས་ཡོད་པ་རེད། དེའི་རྗེས་སུ་གོང་བརྗོད་ཚགས་པར་ཁང་དེར་དག་ཐེར་བྱས་ཡོད་ནའང་། ཐོ་ཀྲིན་གྱི་མདུན་ལམ་ལ་གནོད་སྐྱོན་ཕོག་མེད་པར་རྒྱ་ནག་དབུས་གཞུང་གིས་ངོས་ལེན་ཐོབ་སྟེ། རྒྱ་ནག་དབུས་དྲིལ་བསྒྲགས་ལྷན་ཁང་ནང་ལས་གནས་སྤོར་ནས་བློན་ཆེན་གཞོན་པའི་འགན་ཁུར་ཡོད་ལ་ད་ལྟ་རྒྱ་ནག་མི་དམངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པར་བཞག་པ་རེད་ཅེས་གནད་དོན་དབྱེ་ཞིབ་པས་བརྗོད་འདུག
རྒྱ་ནག་གི་ལྷོ་ཕྱོགས་གཟའ་མཇུག་ཚགས་པར་དེ་སྔོན་རྒྱ་ནག་ནང་གི་སྤྱི་ཚོགས་ངན་འཚང་ཕྱི་ལ་ཐེར་འདོན་བྱེད་མཁན་སྐད་གྲགས་ཅན་གྱི་ཚགས་པར་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་རེད། དེ་སྔོན་སྤྱི་ལོ་༢༠༠༩ལོར་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ནས་རྒྱ་ནག་ནང་གཟིགས་སྐོར་སྐབས། ཚགས་པར་ཁང་དེའི་བཅར་འདྲི་དང་ལེན་གནང་རྒྱུ་ཡིན་པ་མིང་འདོན་བྱས་ཡོད་པ་རེད།

གསར་འགོད་པ་ལྕགས་མོ་འཚོ།

མཆན། (0)
Share
དྲ་གནས་ཆ་ཚང༌།