རྒྱ་ནག་གིས་ཆ་འཕྲིན་དང་སྐད་འཕྲིན་བེད་སྤྱད་ནས་གྲྭ་བཙུན་ཚོར་སྒྲིག་ཁྲིམས་དྲིལ་བསྒྲགས།

2018-10-26
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ནང་གི་དགོན་སྡེ་ཁག་ལ་རྒྱ་ནག་གིས་ཏང་གི་སློབ་གསོ་སྤྲོད་བཞིན་པ། ༢༠༡༨
བོད་ནང་གི་དགོན་སྡེ་ཁག་ལ་རྒྱ་ནག་གིས་ཏང་གི་སློབ་གསོ་སྤྲོད་བཞིན་པ། ༢༠༡༨
བོད་འབྱོར།

རྒྱ་ནག་གཞུང་གིས་ཆེད་དུ་བོད་ནང་གི་དགོན་སྡེ་ཁག་གི་གྲྭ་བཙུན་ཁྲོད་བྱེད་ཐབས་འདྲ་མིན་སྤྱད་ནས་གཞུང་གི་ཁྲིམས་སྒྲིག་ཁག་དང་སྲིད་བྱུས་དྲིལ་བསྒྲགས་བྱེད་ཀྱི་ཡོད་འདུག
དེ་ཡང་རྒྱ་ནག་གི་གསར་ལམ་ཁག་ནང་། ས་གནས་ཀྱི་ཁྲིམས་ཞིབ་ཁང་གིས་གྲ་བཙུན་རྣམས་ལ་ཁྲིམས་བཟོ་ཁང་གི་སྐོར་དང་། ཁྲིམས་ལག་ལེན་བསྟར་ཕྱོགས་སོགས་ཀྱི་སློབ་གསོ་སྤྲོད་ཀྱི་ཡོད་པ་དང་། དགེ་འདུན་པ་དང་། ཁྲིམས་དོན་མཁས་པ་གཞུང་གི་དཔོན་རིགས་སོགས་ལས་གྲུབ་པའི་བོད་ཡིག་བོད་སྐད་ཤེས་མཁན་དང་། ཆོས་དང་ཆབ་སྲིད། མི་རིགས་ཀྱི་གནས་སྟངས་ཤེས་པའི་མི་སྣ་ཁག་ཅིག་དགོན་པའི་ནང་ཆེད་གཏོང་བྱས་ནས་གྲ་བཙུན་རྣམས་ལ་ཁྲིམས་དོན་གོ་རྟོགས་སྤེལ་རྒྱུ་ཡིན་ལུགས་བོད་ཀྱི་རང་སྐྱོང་ལྗོངས་ཟེར་བའི་ཁྲིམས་ཞིབ་ཁང་གིས་གནས་ཚུལ་སྤེལ་འདུག དེའི་ཐད་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས། དེ་ནི་རྒྱ་ནག་གཞུང་གིས་ཁྲིམས་ལུགས་སློབ་སྦྱོང་བྱེད་པར་ཁ་གཡར་ནས་ཆབ་སྲིད་ཀྱི་གོ་རྟོགས་སྤེལ་གྱི་ཡོད་པ་རེད་ཅེས་འདི་གར་འགྲེལ་བརྗོད་གནང་ཡོད།
ཉེ་བའི་ལོ་ཤས་ནང་རྒྱ་ནག་གཞུང་གིས་བོད་ས་ཡོངས་ཀྱི་དགོན་སྡེ་ཁག་ཏུ་མིང་དང་བརྗོད་གཞི་འདྲ་མིན་གྱི་འོག་ནས་རྒྱ་ནག་གཞུང་གི་ཁྲིམས་ལུགས་དང་སྲིད་བྱུས་དྲིལ་བསྒྲགས་བྱས་ཡོད། ད་སྐབས་ཆ་འཕྲིན་དུས་རབས་བེད་སྤྱད་ནས་ཁ་པར་གྱི་རྩེད་རིགས་མཉེན་ཆས་སྣ་ཚོགས་བརྒྱུད་སློབ་གྲྭ་ཁག་གི་སློབ་མ་དང་གྲྭ་བཙུན་ཚོར་རྒྱ་གཞུང་གི་ཁྲིམས་སྒྲིག་དང་སྲིད་བྱུས་ཁྱབ་བསྒྲགས་བྱེད་ཐབས་སྤྱོད་བཞིན་ཡོད་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།

མཆན། (0)
Share
དྲ་གནས་ཆ་ཚང༌།