རྒྱ་ནག་གཞུང་གིས་བལ་ཡུལ་གྱི་མཐའ་མཚམས་རྫོང་ཁག་བདུན་ནང་བཙན་འཛུལ་བྱས་འདུག

2020-08-19
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་ཞེས་བྲིས་བའི་སྟོད་གོས་གྱོན་པའི་རྒྱ་རིགས་ཞིག་བལ་ཡུལ་གྱི་མཆོད་རྟེན་སྐོར་ལམ་དུ། ༢༠༢༩།༡༡
རྒྱ་ནག་ཞེས་བྲིས་བའི་སྟོད་གོས་གྱོན་པའི་རྒྱ་རིགས་ཞིག་བལ་ཡུལ་གྱི་མཆོད་རྟེན་སྐོར་ལམ་དུ། ༢༠༢༩།༡༡
Lhuboom/RFA

རྒྱ་ནག་གཞུང་གིས་ཉུང་མཐར་ཡང་བལ་ཡུལ་གྱི་ས་མཚམས་རྗོང་ཁག་བདུན་གྱི་སའི་ཐོག་བཙན་འཛུལ་བྱས་ཡོད་ནའང་བལ་ཡུལ་དམར་ཤོག་གཞུང་གིས་དེའི་ཐོག་རྒྱ་ནག་ལ་གདོང་ལེན་བྱེད་ཀྱི་མེད་པ་རེད་འདུག
རྒྱ་ནག་གཞུང་གིས་ཁྲིམས་འགལ་ཐོག་བཙན་འཛུལ་བྱེད་སའི་བལ་ཡུལ་གྱི་ས་མཚམས་རྫོང་ཁག་ནི་རྡོ་ལ་ཁཱ་(Dolakha)་དང་། གོར་ཁ་(Gorkha) དར་ཆོའུ་ལ་(Darchula) ཧོམ་ལ་(Humla) སིནདྷུ་པལ་ཅོཀ་(Sindhupalchowk) སང་ཀོའུ་ཝ་ས་སྦ་(Sankhu wasabha)་དང་། ར་སུ་ཝ་(Rasuwa)་བཅས་ཡིན་པ་རྒྱ་གར་གྱི་(Zeenews)་ཞེས་པས་བལ་ཡུལ་སྐོར་གྱི་གསར་འགྱུར་སྤེལ་བ་དེའི་ནང་བཀོད་འདུག
གནས་ཚུལ་ནང་རྒྱ་ནག་གཞུང་གིས་བལ་ཡུལ་གྱི་ས་ཁུལ་ནང་བཙན་འཛུལ་བྱེད་བཞིན་པའི་གནས་ཚུལ་དེར། བལ་ཡུལ་གྱི་སྲིད་བློན་(KP Sharma Oli)་ལགས་ཀྱིས་གདོང་ལེན་མི་བྱེད་པའི་རྒྱུ་མཚན་ནི། རྒྱ་ནག་དམར་ཤོག་གཞུང་ཁོང་ཁྲོ་མི་སློང་བའི་ཆེད་དུ་ཡིན་པ་བལ་ཡུལ་དང་རྒྱ་ནག་གི་འབྲེལ་བའི་གནས་བབས་ཐོག་ཉམས་ཞིབ་གནང་མཁན་གྱི་ཕྱི་འབྲེལ་དཔོན་རིགས་ཚོས་གསུངས་ཡོད་པ་བཀོད་འདུག
བལ་ཡུལ་གཞུང་གིས་ཕྱི་ལོ་༢༠༠༥་ལོ་ནས་རྒྱ་ནག་དང་མཉམ་ས་མཚམས་ཀྱི་གྲོས་མོལ་བྱས་མེད་ཅིང་། གནད་དོན་དབྱེ་ཞིབ་པ་ཚོས་འདིའི་རྒྱུ་མཚན་ནི། བལ་ཡུལ་གཞུང་ཕྱོགས་ཀྱི་ངོས་ནས་འདིའི་ཐད་གནས་ཚུལ་གླེང་སློང་མི་ཡོང་བ་གཙོ་འདོན་དང་ལྷག་པར་དུ་བལ་ཡུལ་མི་དམངས་ཀྱིས་བལ་ཡུལ་གཞུང་ལ་གནད་དོན་འདི་དང་འབྲེལ་བའི་ཐད་སྐྱོན་བརྗོད་མི་འབྱུང་ཆེད་ཡིན་པ་བརྗོད་བཞིན་ཡོད་པ་རེད།
ད་ལྟའི་བལ་ཡུལ་དམར་ཤོག་ཚོགས་པས་བཟུང་བའི་གཞུང་འདིས་རྒྱ་ནག་ལ་ཧ་ཅང་ཕྱོགས་པ་དང་རྒྱ་གར་ལ་སྡང་ཟུག་གི་སྲིད་ཇུས་ཤིག་བཟུང་བཞིན་ཡོད་ཅིང་། རྒྱ་གར་དང་བལ་ཡུལ་དབར་ས་མཚམས་ཀྱི་རྩོད་རྙོག་བྱུང་རྗེས། བལ་ཡུལ་གྱི་ས་ཁྲ་གསར་པ་ཞིག་གཏན་འབེབས་ཀྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་ཡང་མཁོ་སྤྲོད་ཞུས་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།