རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་བལ་ཡུལ་དུ་ཡོང་འཆར་འདུག

2022.09.09
Share on WhatsApp
Share on WhatsApp
རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་བལ་ཡུལ་དུ་ཡོང་འཆར་འདུག རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་ལི་ཊིན་ཧྲུའུ་(Li Zhanshu) ༠༣།༠༨།༢༠༡༩
AFP

རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་ལི་ཊིན་ཧྲུའུ་ཡིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བལ་ཡུལ་དུ་གཞུང་དོན་གཟིགས་སྐོར་གནང་འཆར་འདུག
དེ་ཡང་བལ་ཡུལ་ཕྱི་སྲིད་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། བལ་ཡུལ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་(Agni Prasad Sapkota)་ཡིས་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་ལི་ཊིན་ཧྲུའུ་(Li Zhanshu)་བལ་ཡུལ་དུ་མགྲོན་འབོད་གནང་བ་བཞིན། ཕྱི་ཟླ་༩པའི་ཚེས་༡༢ནས་༡༥བར་གཟིགས་སྐོར་གནང་འཆར་ཡོད་པ་དང་། ཕྱི་ཚེས་༡༢ཉིན་རྒྱ་ནག་དང་བལ་ཡུལ་གྱི་སྐུ་ཚབ་འཐུས་མི་བར་གྲོས་མོལ་གནང་རྒྱུ་དང་། རིམ་པས་བལ་ཡུལ་གྱི་སྲིད་འཛིན་ལྕམ་(Bidya Devi Bhandrai) དང་མཇལ་འཕྲད་དང་། ཕྱི་ཚེས་༡༣ཉིན་སྲིད་བློན་(Deuba) གཙོས་པའི་གཞན་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་མ་ཟད། བལ་ཡུལ་གྱི་སྲིད་བློན་ཟུར་པ་(k.P Sharma)་དང་དམར་ཤོག་ཚོགས་པའི་གཙོ་འཛིན་(Prachanda)་བཅས་ཁག་སོ་སོར་ཐུག་འཕྲད་ཀྱང་གནང་རྒྱུ་ཡིན་པ་རེད་འདུག
གཟིགས་སྐོར་དེ་བལ་ཡུལ་དུ་སྤྱི་ཟླ་༡༡པའི་ནང་མངའ་སྡེའི་རྒྱལ་ཡོངས་འོས་བསྡུ་བྱེད་ལ་རན་པའི་སྔོན་ཡིན་པ་དང་། རྒྱ་ནག་ནང་གི་བལ་ཡུལ་གྱི་གཞུང་ཚབ་ཟུར་པ་(Mahesh Maskev)་ལགས་ཀྱིས། ད་རེས་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཨང་གསུམ་པ་བལ་ཡུལ་དུ་གཟིགས་སྐོར་ཕེབས་རྒྱུ་ཡིན་པ་དེས། རྒྱ་ནག་གིས་བལ་ཡུལ་ནང་གི་གནད་དོན་ཐད་ཞིབ་ཕྲ་གཟིགས་ཞིབ་བྱེད་ཀྱི་ཡོད་པ་དང་། བལ་ཡུལ་དེ་སྟོབས་ཆེན་རྒྱལ་ཁབ་བར་ཤུགས་རྐྱེན་སུ་ཆེའི་འགྲན་རྩོད་བྱེད་ཡུལ་ཞིག་ཏུ་ཆགས་ཡོད་པ་བརྗོད་འདུག
བལ་ཡུལ་གྱི་ཆབ་སྲིད་མི་སྣ་མང་པོས་རྒྱ་ནག་གི་སྐུ་ཚབ་ཕེབས་པར་དགའ་བསུ་ཞུ་བཞིན་ཡོད་པ་དང་། འཚམས་གཟིགས་དེ་བཞིན་བལ་ཡུལ་གྱིས་རྒྱ་ནག་མཉམ་ཕྱི་འབྲེལ་ཐད་བསྐྱར་ཞིབ་དང་སླར་གསོའི་ཐོག་ཁ་ཕྱོགས་གསར་པ་ཞིག་ལ་ཁྲིད་རྒྱུའི་གོ་སྐབས་ཞིག་ལ་ངོས་འཛིན་ཡང་བྱེད་མཁན་ཡོད་པ་གནད་དོན་དབྱེ་ཞིབ་པས་བརྗོད་འདུག
ད་ལེན་རྒྱ་ནག་གི་སྐུ་ཚབ་ཚོགས་ཆུང་དེ་ནི་བློན་ཆེན་རིམ་པའི་སྐུ་ཚབ་དང་། དམར་ཤོག་ཚོགས་པའི་དབུ་ཁྲིད་གཙོས་པའི་མི་སྣ་བརྒྱ་ཙམ་གྱིས་གྲུབ་པའི་ཚོགས་ཆུང་དེའི་དམིགས་ཡུལ་གཙོ་བོ་བལ་ཡུལ་དང་རྒྱ་ནག་གཉིས་ཀྱི་གྲོས་ཚོགས་བར་མཉམ་འབྲེལ་ཤུགས་ཆེ་རུ་གཏོང་རྒྱུ་དང་། གཟིགས་སྐོར་དེའི་སྐབས་རྒྱ་ནག་དང་བལ་ཡུལ་གྱི་གྲོས་ཚོགས་གཉིས་བར་ཉུང་མཐར་ཡང་བསམ་འཆར་ཡིག་ཆ་གཉིས་ཙམ་ལ་མོས་མཐུན་ཀྱི་ས་རྟགས་བཀོད་རྒྱུ་ཡིན་པ་རེད།
ཉེ་ལམ་སྤྱི་ཟླ་༥ཚེས་༢༠ཉིན་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ལྕམ་ཨུཛ་ར་ཛེ་ཡ་(Uzra Zeya)་མཆོག་བལ་ཡུལ་དུ་རྒྱལ་དོན་འཚམས་གཟིགས་ཕེབས་ཞོར་གནད་ཡོད་བོད་མི་ཚོར་མཇལ་འཕྲད་གནང་ཡོད་པ་རེད།
སྤྱི་ཟླ་༢པའི་ཟླ་མཇུག་ཏུ་ཨ་མི་རི་ཀས་བལ་ཡུལ་ལ་ཨ་སྒོར་ས་ཡ་༥༠༠ཡི་རོགས་སྐྱོར་གནང་རྒྱུ་བལ་ཡུལ་གྲོས་ཚོགས་ཀྱིས་ངོས་ལེན་གནང་བ་དང་། ཉེ་བའི་ནང་ཨ་རིའི་གཞུང་གི་མཐོ་རིམ་སྐུ་ཚབ་བལ་ཡུལ་ནང་གཟིགས་སྐོར་དུ་ཕེབས་པ་སོགས་བལ་ཡུལ་ནང་ཨ་མི་རི་ཀའི་ཤུགས་རྐྱེན་ཇེ་ཆེར་འགྲོ་རྒྱུར་རྒྱ་ནག་གཞུང་ལ་སེམས་ཚབས་ཡོང་གཞིར་གྱུར་ཡོད་པ། བལ་ཡུལ་གྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་(Santosh Sharma)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད།
བལ་ཡུལ་གྱི་སྲིད་བློན་(Sher Bahadur Deuba)་ཡིས་བལ་ཡུལ་གྱི་གཞུང་འཛིན་བྱས་ནས་འདས་པའི་ལོ་གཅིག་ནང་རྒྱ་ནག་གི་མཐོ་རིམ་སྐུ་ཚབ་བལ་ཡུལ་དུ་ཡོང་ཐེངས་༣པ་དེ་ཆགས་ཀྱི་ཡོད་པ་རེད།

གསར་འགོད་པ། ཀུན་བཟང་རིག་འཛིན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྲིད་སྐྱོང་ནས་རྒྱ་ནག་གཞུང་གིས་དུས་རབས་དང་མ་མཐུན་པའི་སྲིད་བྱུས་བཟུང་སྟེ་མང་ཚོགས་ལ་དཀའ་ངལ་སྤྲོད་བཞིན་པར་བློ་འཚབ་ཡོད་པ་འགྲེལ་བརྗོད་གནང་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་ནང་ངོ་རྒོལ་དང་འབྲེལ་བོད་ནང་གི་དྲ་ལམ་ཁག་ཏུ་ངོ་རྒོལ་སྐོར་གྱི་གནས་ཚུལ་ཐད་དམ་དྲགས་ཤུགས་ཆེར་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎