༢༠༢༠་ལོའི་རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་ཁྲོད་ཨ་རི་ལ་རྟགས་མ་མང་ཤོས་ཐོབ་འདུག

2021.08.09
༢༠༢༠་ལོའི་རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་ཁྲོད་ཨ་རི་ལ་རྟགས་མ་མང་ཤོས་ཐོབ་འདུག མཇུག་སྡོམ་མཛད་སྒོ་དང་༢༠༢༠་ལོའི་རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་ཁྲོད་ཨ་རི་ལ་རྟགས་མ་མང་ཤོས་ཐོབ། ༨།༩།༢༡
AP

སྤྱི་ལོ་༢༠༢༠་ལོའི་རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་ཁྲོད་ཨ་མི་རི་ཀར་གསེར་གྱི་རྟགས་མ་མང་ཤོས་དང་སྤྱི་ཡོངས་ཀྱི་རྟགས་མ་མང་ཤོས་ཐོབ་འདུག
དེ་ཡང་སྤྱི་ལོ་༢༠༢༠་ལོའི་དབྱར་དུས་རྒྱལ་སྤྱིའི་ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་དེ་ཀོ་ཝིཌ༡༩་ཏོག་དབྱིབས་རིམས་ནད་ཀྱི་རྐྱེན་པས་ལོ་གཅིག་ཕྱིར་འགྱངས་ཀྱིས། ༢༠༢༡་ལོའི་ཕྱི་ཟླ་བདུན་པའི་ཚེས་༢༠་ནས་འགོ་བཙུགས་ནས་ཕྱི་ཟླ་བརྒྱད་པའི་ཚེས་༩་བར་ཉི་ཧོང་ནང་སྐོང་ཚོགས་གནང་ཡོད་པ་དང་། མཆོངས་རྒྱུག་འཕེན་གསུམ་སོགས་ལུས་རྩལ་རྩེད་འགྲན་སྤྱི་ཡོངས་ནས་ཨ་མི་རི་ཀས་ཁྱོན་གཟེངས་རྟགས་༡༡༣་བླངས་ཡོད་པའི་ཁྲོད་གསེར་གྱི་གཟེངས་རྟགས་མ་༣༩་བླངས་ཡོད་པ། རྒྱལ་ཁབ་སྤྱི་ཡོངས་ནས་གསེར་གྱི་རྟགས་མ་དང་རྟགས་མ་མང་ཤོས་ཨང་དང་པོ་ཡིན་པ་རེད།
ཨང་གཉིས་པ་རྒྱ་ནག་ལ་ཁྱོན་གཟེངས་རྟགས་༨༨་ཐོབ་ཡོད་པ་ནས་གསེར་གྱི་གཟེངས་རྟགས་༣༨་ཐོབ་འདུག གསུམ་པ། ཉི་ཧོང་གིས་གསེར་གྱི་རྟགས་མ་༢༧་བླངས་ཡོད་པ་སྡོམ་པས་རྟགས་མ་༥༨་ཐོབ་ཡོད་པ་རེད།
ད་ཐེངས་འགྲན་ཚོགས་ནང་ཞུགས་པའི་བོད་རིགས་ལུས་རྩལ་བ་ཆོས་དབྱིངས་སྐྱིད་ལགས་ཀྱིས་སྤྱི་ལེ་ཉི་ཤུའི་བུད་མེད་འདུར་རྒྱུག་ཁྲོད་ཨང་བདུན་པ་བླངས་ཡོད་འདུག
ཐེངས་འདིའི་དབྱར་དུས་རྒྱལ་སྤྱིའི་ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་ཉི་ཧོང་ནང་སྐོང་ཚོགས་གནང་བ་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་པ་རེད།

གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་སྒོ་བརྒྱབ་ན་བོད་མིའི་སྐད་སྒྲ་མེད་པ་འགྱུར་ངེས་རེད་ཅེས་བོད་ཀྱི་གྲགས་ཅན་རྩོམ་པ་པོ་དང་སྙན་ངག་པ་ཚེ་རིང་འོད་ཟེར་ལགས་ཀྱིས་གསུངས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་དང་ཆོས་རིག་གཉིས་ཀའི་ཐོག་འབྲེལ་ཐག་ཉེ་བའི་འབྲུག་ཡུལ་གྱིས་བོད་མིང་ལ་ཤི་ཙང་ཞེས་འབོད་འགོ་བཙུགས་པ་ནི་བློ་ཕམ་གྱི་གནས་རེད་ཅེས་ཉམས་ཞིབ་པས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎