རྒྱ་ནག་ནང་འཚོགས་རྒྱུའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་འབྲེལ་ཨ་རིའི་བརྙན་འཕྲིན་ཁང་ཞིག་ལ་ངོ་རྒོལ།

2021-08-09
Share
རྒྱ་ནག་ནང་འཚོགས་རྒྱུའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་འབྲེལ་ཨ་རིའི་བརྙན་འཕྲིན་ཁང་ཞིག་ལ་ངོ་རྒོལ། བོད་རང་བཙན་སློབ་ཕྲུག་ཚོགས་པས་སྣེ་ཁྲིད་ནས་ཚོགས་སྡེ་འདྲ་མིན་གྱིས་རྒྱ་ནག་ནང་འཚོགས་རྒྱུའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྦྱིན་བདག་གྲས་ཨ་རིའི་ནང་གི་(NBC)་བརྙན་འཕྲིན་ཁང་ལ་ངོ་རྒོལ། ༨།༨།༢༡
SFT

བོད་རང་བཙན་སློབ་ཕྲུག་ཚོགས་པས་སྣེ་ཁྲིད་ནས་ཚོགས་སྡེ་འདྲ་མིན་གྱིས་རྒྱ་ནག་ནང་འཚོགས་རྒྱུའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྦྱིན་བདག་གྲས་ཨ་རིའི་ནང་གི་(NBC)་བརྙན་འཕྲིན་ཁང་ལ་ངོ་རྒོལ་བྱས་འདུག
དེ་ཡང་འདི་ཚེས་༨་རེས་གཟའ་ཉི་མ་ཉིན། ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ནང་ཡོད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། ཡུ་གུར་མི་རིགས་དང་ཧོང་ཀོང་བ་ཚོས་ཕྱི་ལོ་ ༢༠༢༢་ལོའི་དགུན་དུས་འཛམ་གླིང་ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་གྱི་སྦྱིན་བདག་གྲས་ཨ་རིའི་(NBC)་བརྙན་འཕྲིན་ནས་རྒྱ་ནག་ནང་འཚུགས་རྒྱུའི་རྩེད་འགྲན་དེར་སྦྱིན་བདག་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་པའི་ངོ་རྒོལ་ལས་འདུལ་དེ་ཨ་རིའི་(NBC)་བརྙན་འཕྲིན་ལས་ཁང་གི་ལས་ཁུངས་ཨ་མ་ཡོད་སའི་ནིའུ་ཡོག་གྲོང་ཁྱེར་གྱི་ས་གནས་(Rockefeller Center)་ཞེས་པར་སྤེལ་སྐབས། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་པད་མ་སྒྲོལ་མ་ལགས་ཀྱིས་གཏམ་བཤད་གནང་བའི་ནང་། དེ་རིང་ཉི་ཧོང་གི་རྒྱལ་སར་ཨོ་ལིམ་པིཀསི་རྩེད་འགྲན་མཇུག་སྒྲིལ་བ་དང་རིང་མིན་ལོ་རྗེས་མ་ཕྱི་ལོ་༢༠༢༢་ལོའི་ཕྱི་ཟླ་གཉིས་པའི་ནང་། དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་དེ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོགས་རྒྱུ་ཡིན་པའི་དྲན་སྐུལ་བྱེད་ཀྱི་ཡོད་པར་སོང་། ད་ཆ་(NBC)་བརྙན་འཕྲིན་ཁང་གིས་རྩེད་འགྲན་དེ་ཁྱབ་བསྒྲགས་བྱེད་རྒྱུར་ཨ་སྒོར་ས་ཡ་མང་པོ་འགྲོ་གྲོན་གཏོང་རྒྱུ་ཡིན་པ་དེ་ནི། རྒྱ་ནག་དམར་ཤོག་ཚོགས་པའི་གཞུང་དེ་ཁྲིམས་མཐུན་བཟོ་ཐབས་ཤིག་དང་མི་རིགས་རྩ་མེད་བཟོ་མཁན་གྱི་གཞུང་ཞིག་ལ་རོགས་ཕན་བྱས་བ་ཡིན་པས། དེ་ནི་ངོ་ཚ་དགོས་པ་ཞིག་རེད། དེ་བས་རྒྱ་ནག་ནང་གི་ཨོ་ལིམ་པིཀསི་རྩེད་འགྲན་དེར་སྦྱིན་བདག་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་ཞེས་འབོད་སྐུལ་བྱས་འདུག

protest NBC (2).JPG
ཉེ་སྔོན་ནས་བོད་མི་དང་ཡུ་གུར་བ། ཧོང་ཀོང་བ་ལ་སོགས་པ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས། རྒྱ་ནག་ཕྱི་ལོ་༢༠༢༢་ལོར་འཚོགས་རྒྱུའི་འཛམ་གླིང་གི་ཨོ་ལིམ་པིཀསི་རྩེད་འགྲན་གྱི་མགྲོན་བདག་ལ་འོས་བབས་མེད་པ་དང་། རྒྱ་ནག་ནང་འཚོགས་རྒྱུ་ཕྱིར་འཐེན་དགོས་བ་སོགས་ཀྱི་ལས་འགུལ་མང་དག་ཅིག་སྤེལ་དང་སྤེལ་མུས་ཡིན་པ་དང་། དེར་རྒྱལ་སྤྱིའི་ཐོག་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བརྒྱ་ཕྲག་ལྷག་མཉམ་ཞུགས་གནང་བཞིན་ཡོད་པ་རེད།

གསར་འགོད་པ། ལྷུན་གྲུབ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།