རྒྱ་རིགས་བུད་མེད་ཞིག་ལ་གློག་བརྙན་ཇུས་བཀོད་ཀྱི་གཟེངས་རྟགས་ཐོབ་པའི་གནས་ཚུལ་རྒྱ་ནག་གིས་བཀག་སྡོམ།

2021-04-27
Share
རྒྱ་རིགས་བུད་མེད་ཞིག་ལ་གློག་བརྙན་ཇུས་བཀོད་ཀྱི་གཟེངས་རྟགས་ཐོབ་པའི་གནས་ཚུལ་རྒྱ་ནག་གིས་བཀག་སྡོམ། ཟུར་ཟའི་པར་རིས།
RFA

རྒྱ་རིགས་བུད་མེད་ཞིག་ལ་ཨ་རིའི་གློག་བརྙན་དང་འབྲེལ་བའི་གློག་བརྙན་ཇུས་བཀོད་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ་ཀྱང་རྒྱ་ནག་གཞུང་གིས་སྤྱི་ཚོགས་དྲྭ་ལམ་ནས་གནས་ཚུལ་དེ་བཀག་སྡོམ་བྱས་འདུག
དེ་ཡང་ཨ་རིའི་སྙན་གྲགས་ཅན་གྱི་(Oscars)གཟེངས་རྟགས་ནི་འཛམ་གླིང་ནང་གློག་བརྙན་ཚན་པའི་གཟེངས་རྟགས་མཐོ་ཤོས་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། འདི་ཚེས་༢༥་ཉིན་དྲྭ་ལམ་བརྒྱུད་གཟེངས་རྟགས་དེ་འབུལ་བཞེས་སྐབས། རྒྱ་མི་རིགས་ཡིན་པའི་བུད་མེད་གློག་བརྙན་ཇུས་བཀོད་པ་(Chloe Zhao)ཞུ་བར་གློག་བརྙན་འབྲོག་ས་(Nomadland)ཞེས་པ་ཇུས་བཀོད་མཁན་རྩེ་ཕུད་ཀྱི་ངོས་འཛིན་གཟེངས་རྟགས་ཐོབ་ཡོད་པ་དང་། དེའི་སྐོར་རྒྱ་ནག་ནང་གི་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་དོ་སྣང་ཆེན་པོས་གླེང་སློང་དང་མི་མང་པོས་བསྔགས་བརྗོད་བྱས་ཡོད་ཀྱང་། ཉིན་གཅིག་གི་རྗེས་ཚེས་༢༦་གཟའ་ཟླ་བའི་ཉིན་ནས་རིམ་པས་དེའི་སྐོར་གྱི་གནས་ཚུལ་དང་མཆན་འགྲེལ་ཁག་ཝེ་བྷོ་(Weibo)ལ་སོགས་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་དང་འཕྲིན་ལམ་ཁག་ནས་ལྟ་ཀློག་མི་ཐུབ་པ་བཟོས་ནས་བཀག་སྡོམ་བྱས་ཡོད་པ་དང་། རྒྱ་ནག་ནང་གི་གསར་འགྱུར་བརྒྱུད་ལམ་ཁག་ནང་གླེང་སློང་ཙམ་ཡང་བྱས་མེད་པ་རེད།
ཧྥ་རན་སིའི་གསར་འགྱུར་བརྒྱུད་ལམ་ནང་གནས་ཚུལ་བཀོད་པ་ལྟར་ན། གོང་ཞུས་གློག་བརྙན་ཇུས་བཀོད་པ་ཀྲའོ་ཡིས་དེ་སྔ་གསར་འགྱུར་བརྒྱུད་ནས་བཅར་འདྲི་དང་ལེན་གྱི་སྐབས་ཞིག་ལ། རྒྱ་ནག་ལ་སྐྱོན་བརྗོད་བྱས་ཡོད་པའི་གནད་དོན་གྱི་རྐྱེན་གྱིས་རྒྱ་ནག་གཞུང་གི་དེ་ལྟར་བྱས་བ་ཡིན་པ་རེད་འདུག

Oscars-china.jpeg
ཡིན་ན་ཡང་ཕྱི་སྡོད་རྒྱ་རིགས་བུད་མེད་འཆར་འགོད་པའི་ལས་ཀ་བྱེད་མཁན་(Yan Ying)་ཞུ་བ་ཞིག་གིས། ད་རེས་རྒྱ་རིགས་ཞིག་ལ་གཟེངས་རྟགས་དེ་འདྲ་ཐོབ་པ་དེ་ནི་ང་ཚོ་རྒྱ་མི་རིགས་ཚོ་སྤོབས་པ་སྐྱེས་དགོས་པ་ཞིག་རེད་ཅེས་དང་། དེ་བཞིན་ཁྲིམས་རྩོད་པའི་ལས་ཀ་བྱེད་མཁན་བུད་མེད་(Yuan Min)་གྱིས། ད་རེས་རྒྱ་རིགས་ཞིག་ལ་རྒྱལ་ཁ་ཐོབ་པ་དེས་མ་འོངས་པར་ཡང་རྒྱ་མིའི་གློག་བརྙན་བཟོ་བསྐྲུན་བྱེད་མཁན་སྤོབས་པ་བསྐྱེད་པ་དང་བྱ་དགའ་ཐོབ་རྒྱུའི་སྒོ་མོ་ཕྱེ་བ་ལྟབུ་ཞིག་ཆགས་ཡོད་རེད་ཅེས་བསྔགས་བརྗོད་བྱས་ཡོད་འདུག གང་ལྟར་ད་རེས་རྒྱ་རིགས་བུད་མེད་གློག་བརྙན་ཇུས་བཀོད་པ་ཀོ་ལོ་ཀྲའོ་ལ་གློག་བརྙན་གྱི་གཟེངས་རྟགས་མཐོ་ཤོས་དེ་ཐོབ་ཡོད་ཀྱང་། རྒྱ་ནག་གི་མང་ཚོགས་ཁག་ཅིག་གིས་ཁོང་མོས་དེ་སྔ་བཅར་འདྲིའི་སྐབས་བཤད་མྱོང་བའི་སྐད་ཆ་དེའི་རྐྱེན་པས་སྐྱོན་བརྗོད་བྱས་པ་དང་། ཁག་ཅིག་གིས་བསྔགས་བརྗོད་བྱས་ཡོད་ཀྱང་དེ་དག་སྤྱི་ཚོགས་དྲ་ལམ་ནས་བཀག་སྡོམ་བྱས་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།