༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་གྲོལ་ཆེད་གང་སར་ཟས་བཅད་ངོ་རྒོལ་གནང་འདུག

2022.05.17
༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་གྲོལ་ཆེད་གང་སར་ཟས་བཅད་ངོ་རྒོལ་གནང་འདུག ༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་གྲོལ་ཆེད་རྡ་སར་ཟས་བཅད་ངོ་རྒོལ་གནང་སྐབས། ༠༥།༡༧།༢༠༢༢
RFA / Dhasa

འདི་ཚེས་༡༧ཉིན་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་བཙན་ཁྲིད་བྱས་ནས་ད་བར་ལོ་ངོ་༢༧འཁོར་བའི་ཉིན་མོ་ཡིན་པར་བརྟེན་བོད་ཀྱི་བེུད་ལྷན་ཚོགས་ཀྱིས་གང་སར་ཉིན་གཅིག་གི་ཟས་བཅད་ངོ་རྒོལ་གྱི་ལས་ལས་འགུལ་སྤེལ་ཡོད་པ་རེད། བཞུགས་སྒར་རྡ་རམ་སཱ་ལར་དབུས་བོད་ཀྱི་བེུད་ལྷན་ཚོགས་དང་རྡ་སའི་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་གཉིས་ཀྱིས་ཉིན་གཅིག་གི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་སྐབས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་གཙོ་ལྕམ་(Michelle Bachelet)་མཆོག་ཕྱི་ཟླ་༥པའི་ནང་རྒྱ་ནག་ཏུ་ཕེབས་འཆར་ཡོད་སྟབས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཞན་པོ་ཡོད་པ་གཟིགས་ཞིབ་ཆེད་བོད་ནང་ངེས་བར་ཕེབས་དགོས་པའི་འབོད་སྐུལ་གནང་གི་ཡོད་པ་དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་གཞོན་ཚེ་རིང་སྒྲོལ་མ་ལགས་ཀྱིས་འགྲེལ་བརྗོད་གནང་གི་འདུག སྐབས་དེར་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེའི་(Bharat Tibbat Sayog Manch)་ཞེས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་(Ajay Singh)་ལགས་ཕེབས་ནས། ༧པཎ་ཆེན་རིན་པོ་ཆེའི་གནད་དོན་ཐད་རྒྱ་ནག་གཞུང་གི་བྱེད་སྟངས་ལ་བློ་ཕམ་ཡོད། འཐབ་རྩོད་མཚམས་མ་བཞག་ན་ནམ་ཞིག་གྲུབ་འབྲས་ཐོན་ངེས་ཡིན་པ་གསུངས་ཡོད་པ་རེད།
གཞན་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་ཀྱི་གཞོན་ནུ་དང་བེུད་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་གིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གློད་གྲོལ་གཏོང་དགོས་བའི་དགོས་འདུན་བཏོན་ནས་ཟས་བཅད་ངོ་རྒོལ་དང་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།
ད་རེས་ཀྱི་ལས་འགུལ་འདི་ནི་དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཁྱབ་ཁོངས་སུ་ཡོད་པ་རྒྱ་གར་ལྷོ་ཕྱོགས་དང་། ལྡེ་ར་ལྡུན། སྒང་ཏོག་སོགས་ས་གནས་ཡན་ལག་༥༨ཙམ་གྱིས་ས་གནས་སོ་སོར་ཉིན་གཅིག་གི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་འདུག
དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་༦ལ་སོན་སྐབས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ༧པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་གནང་བ་དང་། ཕྱི་ལོ་༡༩༩༥ཟླ་བ་༥ཚེས་༡༧ཉིན་རྒྱ་ནག་གཞུང་གིས་བཙན་ཁྲིད་རྗེས་གར་སོང་ཆེད་དུ་གྱུར་ཡོད་པ་རེད། ཉེ་ལམ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཨ་རིར་གཞུང་འབྲེལ་འཚམས་གཟིགས་སྐབས་༧པཎ་ཆེན་རིན་པོ་ཆེ་མཆོག་གློད་གྲོལ་ཡོང་ཆེད་ཞུ་གཏུགས་གནང་པར་ཕྱི་ཟླ་༤ཚེས་༢༦ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་དགག་རྒྱག་བྱས་བ་དང་མཉམ་དགེ་འདུན་ཆོས་ཀྱི་ཉི་མ་རྒྱ་ནག་གི་མི་སེར་དཀྱུས་མ་སྤྱི་མཚུངས་འཚོ་བ་སྐྱེལ་བསྡད་ཡོད་ཚུལ་བརྗོད་ཡོད་པ་རེད།

གསར་འགོད་པ། ས་གནས་གསར་འགོད་པ་རྣམ་པ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཧི་མ་ལ་ཡའི་ཁུལ་དུ་གནས་སྡོད་ཡུལ་མི་ཚོས་ནང་པ་སངས་རྒྱས་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་བོད་ཡིག་ལ་སློབ་གཉེར་གནང་གལ་ཆེ་བ་ཡིན་ཞེས། ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་འབྲས་སྤུངས་བློ་གསལ་གླིང་གི་དཔེ་ཁྲིད་དགེ་རྒན་དགེ་བཤེས་ ༢༨ ལ་མཇལ་ཁ་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎