རྒྱ་ནག་གི་སྲིད་འཛིན་ལ་ངོ་རྒོལ་དང་ལས་འགུལ་བ་མང་པོ་འཇུ་བཟུང་།


2014.09.18
རྒྱ་ནག་གི་སྲིད་འཛིན་ལ་ངོ་རྒོལ་བྱེད་བཞིན་པ། ༢༠༡༤།༩།༡༨ རྒྱ་ནག་གི་སྲིད་འཛིན་ལ་ངོ་རྒོལ་བྱེད་བཞིན་པ། ༢༠༡༤།༩།༡༨
tyc

བོད་ཀྱི་གཞོན་ནུ་ལྷན་ཚོཊ་དང་བོད་རང་བཙན་སློབ་ཕྲུག་ཚོཊ་པ་སོགས་ཀྱིས་མུ་མཐུད་ཞེ་ཅིན་ཕེན་ལ་ངོ་རྒོལ་བྱེད་བཞིན་འདུག
རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་རྒྱ་གར་ནང་གཞུང་དོན་མཚམས་གཟིགས་ལ་འབྱོར་བའི་ཉིན་གཉིས་པར། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱི་གཙོས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་དགོས་འདུན་འདྲ་མིན་འོག་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་གྱི་ལས་འགུལ་འདྲ་མིན་སྤེལ་ཡོད་པ་དང་། ད་བར་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་རྒྱ་གར་བ་གསུམ་གྱི་སྲིད་འཛིན་ཞེ་ཅིན་ཕེན་བཞུགས་གནས་མགྲོན་ཁང་དང་ཧ་ཅང་ཐག་ཉེ་བའི་ས་ནས་བོད་དོན་འཕྲེད་དར་བསྒྲེངས་པ་སོགས་ལས་འགུལ་རྣམ་པ་འདྲ་མིན་སྤེལ་བར་རྒྱ་གར་ཡུལ་མི་གསུམ་ཐེ་པས་ངོ་རྒོལ་ལས་འགུལ་བ་མི་གྲངས་༥༠་ལྷག་ལྡི་ལི་ནང་གི་ས་གནས་འདྲ་མིན་ནས་འཇུ་བཟུང་བྱས་ཡོད་པ་རེད། དེ་བཞིན་བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ཀྱང་ཚེས་༡༦ཉིན་སྲིད་འཛིན་ཞི་ཅིན་ཕེན་ཕེབས་ཡུལ་གན་དྷི་བཞུགས་གནས་Sabarmati Ashramནང་་ཡུབ་ནས་སྡོད་སྐབས་ཚེས་༡༧ གྱི་ཞོགས་པ་རྒྱ་གར་གསང་བའི་ལས་ཁུངས་ཀྱིས་ཤེས་རྟོགས་བྱུང་སྟེ། འཛིན་བཟུང་བྱས་ཡོད་འདུག
འབྲེལ་ཡོད་གནས་ཚུལ་ཞིབ་ཕྲ་འདི་གའི་གསར་འགོད་པ་བསོད་ནམས་དབང་འདུས་ཀྱིས་བཏང་བར་གསན་རོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་ཇོ་ནང་༸རྒྱལ་ཚབ་རིན་པོ་ཆེས་དབུས་པའི་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ ༡༦ ལ་མཇལ་ཁ་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎