ཨ་རིའི་གྲོས་ཚོགས་ཀྱིས་བོད་དོན་གསན་ཞིབ་གནང་འདུག


2016.12.08
ཨ་རིའི་བོད་ཀྱི་དོན་གཅོད་མཆོག་ཨ་རིའི་གྲོས་ཚོགས་ཀྱིས་བོད་དོན་གསན་ཞིབ་གནང་སྐབས། ༢༠༡༦།༡༢།༧ ཨ་རིའི་བོད་ཀྱི་དོན་གཅོད་མཆོག་ཨ་རིའི་གྲོས་ཚོགས་ཀྱིས་བོད་དོན་གསན་ཞིབ་གནང་སྐབས། ༢༠༡༦།༡༢།༧
ནོར་ལྡེ། /RFA

ཨ་རིའི་གྲོས་ཚོཊ་དང་གཞུང་གིས་རྒྱ་ནག་གི་དཔོན་རིཊ་དང་ལྷན་དུ་བོད་དོན་གླེང་སློང་གནང་དགོས་བ་བོད་ཀྱི་དོན་གཅོད་མཆོག་གིས་འབོད་སྐུལ་གནང་འདུག
བྱང་ཨ་མི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་གིས་འདི་ཚེས་༧་ཉིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ལྷན་ཚོགས་ཀྱི་གསན་ཞིབ་སྐབས། བོད་ནང་གི་བོད་མིའི་ཆོས་དང་འགྲོ་བསྐྱོད་ཀྱི་རང་དབང་། དེ་བཞིན་འཇིགས་སྐུལ་རིང་ལུགས་ལ་གདོང་ལེན་བྱ་རྒྱུའི་སྲིད་བྱུས་བོད་མིའི་ཐོག་ལག་བསྟར་བྱེད་ནས་དམ་བསྒྲགས་ཤུགས་ཆེ་འགྲོ་བཞིན་པའི་ཛ་དྲག་གི་གནས་སྟངས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་སྲིད་འཛིན་རྣམས་དང་ལྷན་མཇལ་འཕྲད་མཛད་སྐབས་ཚང་མས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་བའི་བྱུང་རིམ། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་བོད་ཀྱི་གནད་དོན་དང་འབྲེལ་བའི་ལས་འགན། ད་བར་ཨ་རིའི་གྲོས་ཚོགས་ནང་༧གོང་ས་མཆོག་དང་། སྲིད་སྐྱོང་མཆོག་དེ་བཞིན་སྤྱི་འཐུས་ཚོགས་གཙོ་བཅས་ཀྱིས་ཨ་རིའི་གྲོས་ཚོགས་གོང་འོག་གི་གཞུང་འཛིན་དང་ཕྱོགས་འགལ་ཚོགས་པའི་ཚོགས་མི་དང་གྲོས་ཚོགས་ཀྱི་ཚོགས་གཙོ་བཅས་དང་སྔ་ཕྱི་མཇལ་འཕྲད་གནང་བ་མ་ཟད། གྲོས་ཚོགས་ཀྱི་ཊོམ་ལེན་ཊོ་སི་འགྲོ་བ་མིའི་ཐོབ་ཐང་
ལྷན་ཚོགས་ནང་བོད་དོན་ཉན་ཞིབ་གནང་བ་སོགས་ལ་བརྟེན་ནས་ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་གཞིས་བྱེས་གཉིས་ཀྱི་བོད་མིའི་གནས་སྟངས་མཁྱེན་རྟོགས་ཆེད་ཕན་ཐོགས་བྱུང་ཡོད་སྐོར། དེ་བཞིན་ཨ་རིའི་གཞུང་ནས་བོད་མིར་USAID དང་། PRM་ལྟ་བུ་རོགས་ཚོགས་དང་། གཞན་ཡང་ཨ་རིའི་ནང་གི་བོད་མིའི་སློབ་ཡོན་ལས་གཞི་སོགས་བརྒྱུད་ནས་བོད་མིའི་ཤེས་ཡོན་དང་། འཕྲོད་བསྟེན། སྐད་ཡིག་བཅས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཐོག་ནས་འཚེ་མེད་ཞི་བའི་འཐབ་རྩོད་མུ་མཐུད་སྲ་བརྟན་གནས་ཐུབ་པར་ཕན་ཐོགས་ཧ་ཅང་བྱུང་སྐོར་སོགས་གསུངས་འདུག
དེ་བཞིན་སྐུ་ཚབ་དོན་གཅོད་མཆོག་གིས་ཨ་རིའི་གྲོས་ཚོགས་དང་འབྱུང་འགྱུར་སྲིད་གཞུང་གསར་པས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་སེམསའཚབ་ཀྱི་རྣམ་པ་ཡོད་པ་ཡོངས་གྲགས་ཐོག་དྲིལ་བསྒྲགས་སྤེལ་བ་བརྒྱུད། བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་འདི་ཨ་རིའི་གཞུང་གི་རྒྱ་ནག་ཐོག་འཛིན་བཞིན་པའི་ཕྱི་འབྲེལ་སྲིད་བྱུས་ཀྱི་ཆ་ཤས་གལ་ཆེ་ཞིག་ཡིན་པའི་བརྡ་ལན་གཏོང་ཐབས་གནང་དགོས་པའི་སྐོར་ཞུས་གནང་འདུག།
ད་དུང་སྐུ་ཚབ་དོན་གཅོད་མཆོག་གིས་དེང་སྐབས་གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏོང་བཞིན་པའི་ཛ་དྲག་གི་གནས་སྟངས་སྐོར་གསལ་བཤད་གནང་བ་དང་གྲ་བཙུན་༤༠༠༠་ལྷག་ཕྱིར་འབུད་བཏང་བ་སོགས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་མི་རིགས་དབྱེ་འབྱེད་སྲིད་ཇུས་འཛིན་བཞིན་པ་དང་། ལྷག་དོན་བོད་མིའི་ཆོས་དད་རང་དབང་དང་འགྲོ་འདུག་གི་རང་དབང་ཐོག་དམ་དྲག་བྱེད་བཞིན་པའི་གནད་དོན་སོགས་དོན་ཚན་༡༡་ཙམ་ཐོག་དུས་ཡུན་སྐར་མ་དྲུག་རིང་ཞུ་སྐུལ་གནང་བ་དང་། ཨ་རིའི་གྲོས་ཚོགས་དང་གཞུང་གིས་བོད་དོན་ཐད་རྒྱ་ནག་གི་དཔོན་རིགས་དང་ལྷན་དུ་གླེང་སློང་གནང་དགོས་པའི་འབོད་སྐུལ་ནན་ཆེ་གནང་འདུག།

གསར་འགོད་པ་རིག་ལྡན་སྒྲོལ་མ་དང་། རྡོ་རྗེ་འཚོ། ཚེ་དབང་ནོར་བུ།  རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎