འཛམ་གླིང་ནང་མ་འདེང་པའི་ཆ་དེ་སེམས་ཁམས་སྐོར་ཡིན་པ།


2020.11.13
འཛམ་གླིང་ནང་མ་འདེང་པའི་ཆ་དེ་སེམས་ཁམས་སྐོར་ཡིན་པ། ༸གོང་ས་མཆོག་གིས་དེང་འཛམ་གླིང་ནང་མ་འདེང་པའི་ཆ་དེ་སེམས་ཁམས་སྐོར་ཡིན་པར་སོང་དེའི་སྐོར་ནང་པའི་གཞུང་ལུགས་ནང་གཏིང་ཟབ་ཡོད་པར་བརྟེན་ཚན་རིག་པ་དང་ནང་པའི་དབར་གོ་སྡུར་བྱས་ན་ཕན་ཐོག་ཡོད་པ་བཀའ་གནང་བ།
དགའ་ལྡན་ཕོ་བྲང་།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་༡༡ཚེས་༡༣ ཉིན་བཞུགས་སྒར་ཕོ་བྲང་ནས་དྲ་ལམ་ཐད་གཏོང་བརྒྱུད་ཚན་རིག་ཀུན་བཏུས་དེབ་ཕྲེང་གཉིས་པ་ཡུལ་ཅན་བློའི་རྣམ་གཞག་སྐོར་གྱི་ཨིན་བསྒྱུར་དེབ་དབུ་འབྱེད་དང་བཀའ་སློབ་སྩལ་བའི་ནང་དེང་འཛམ་གླིང་འཛམ་གླིང་འདིའི་ནང་དངོས་ཁམས་སྐོར་ཡག་ཐག་ཆོད་ཡོད་ཀྱང་མ་གདེང་བའི་ཆ་དེ་སེམས་ཁམས་སྐོར་ཡིན་དེའི་སྐོར་ལ་ནང་པའི་གཞུང་ལུགས་ནང་ཡོད་པར་སོང་། ནང་པ་དང་ཚན་རིག་དབར་གོ་སྡུར་སྦྱང་བཤད་བྱས་པ་ཡིན་ན་ཕན་ཐོག་ཡོད་པ་བཀའ་གནང་སོང་།

ཝི་སི་ཀོན་སིན་གཙུག་ལག་མཐོ་སློབ་ཁང་གི་སེམས་ཁམས་འཕྲོད་བསྟེན་ཉམས་ཞིབ་ལྟེ་གནས་ཁང་བརྒྱུད་མིའི་སྒོམ་སྒྲུབ་ཉམས་ལེན་ཁང་གི་འགན་འཛིན་སློབ་དཔོན་རྗོན་ཌཱན་ལགས་ཀྱིས་་ཚན་རིག་ཀུན་བཏུས་དེབ་ཕྲེང་གཉིས་པ་སེམས་ཁམས་སྐོར་འདི་ཚན་རིག་པ་དང་ནང་པའི་དབར་ཤེས་ཡོན་བརྗེ་ལེན་གྱི་སྣུན་ཤུགས་ཆེན་པོ་ཞིག་ཡོད་པ་དང་། ལྷག་པར་དུ་ནང་པའི་གཞུང་ནས་གསུང་པའི་སེམས་ཁམས་སྐོར་དེ་ཚན་རིག་པ་ཚོས་ཤེས་ཀྱི་མེད་སྟབས་ཕན་ཐོག་ཆེན་པོ་ཡོང་ངེས་རེད། དེབ་འདིའི་ནང་དཔྱད་རྩོམ་ཁག་ཅིག་ཡོད་པས་ཚང་མ་ནང་པའི་གཞུང་ལ་བརྒྱུད་མངའ་མེད་མཁན་ཚན་རིག་པ་དང་ཉམས་ཞིབ་པ་ཚོར་དམིགས་པ་ཞིག་ཡིན་ཅེས་གསུང་གནང་སོང་།

དེབ་ཕྲེང་དབྱིན་བསྒྱུར་གནང་མཁན་ཌོག་ཊར་བདེ་ཆེན་རོ་ཅལ་ལགས་ཀྱིས་མྱོང་ཚོར་བརྗོད་སྐབས་༸གོང་ས་མཆོག་གིས་དགོངས་གཞི་འདི་རླབས་ཆེན་གྱི་དགོངས་གཞི་ཞིག་ཡིན་ཅིང་།

ཝིསི་ཌཱམ་དཔེ་སྐྲུན་ཁང་གིས་སྤར་སྐྲུན་ཞུས་པའི་ཚན་རིག་ཀུན་བཏུས་ཀྱི་དེབ་ཕྲེང་གཉིས་པ་འདིའི་ནང་ནང་པའི་གཞུང་ནས་གསུང་པའི་ཡུལ་ཅན་བློ་ཡི་རྣམ་གཞག་བཤད་པ་། སེམས་བྱུང་གི་རྣམ་གཞག་རྒྱས་པར་བཤད་པ། སེམས་ཕྲ་རགས་དང་འཆི་རིམ་གྱི་རྣམ་གཞག བློ་ཡུལ་འཇལ་བའི་ཐབས་གཏན་ཚིགས་ཀྱི་རྣམ་གཞག བློ་སྦྱོང་བའི་ཐབས་སྒོམས་ཀྱི་རྣམ་བཤག་བཤད་པ་སོགས་ཀྱི་སྐོར་ཡོད། དེབ་ཕྲེང་དང་པོའི་ནང་གཞུང་གི་སྤྱི་བཤད་དང་། ཤེས་བྱ་ཡུལ་གྱི་རྣམ་གཞག འཕྲོས་དོན་དུས་ཀྱི་རྣམ་གཞག གཟུགས་ཅན་རྩོམ་བྱེད་ཀྱི་རྣམ་གཞག སྣོད་བཅུད་ཀྱི་འཇིག་རྟེན་འབྱུང་འཇིག་གི་རིམ་པ་བཤད། མངལ་དུ་ལུས་ཆགས་རིམ་དང་རྩ་རླུང་ཐིག་ལེའི་རྣམ་གཞག་སོགས་ཀྱི་སྐོར་ཡོད། གཞི་རྩའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་ལྟར་ཕྱོགས་སྒྲིག་གནང་བའི་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་དེབ་ཕྲེང་ལ་དབྱེ་བ་ཡིན་ན། ཚན་རིག་ཀུན་བཏུས་ཀྱི་དེབ་ཕྲེང་རྒྱས་པ་གཉིས་དང་བསྡུས་པ་གཅིག་། ལྟ་གྲུབ་ཀུན་བཏུས་ཀྱི་དེབ་ཕྲེང་རྒྱས་པ་གཉིས་དང་བསྡུས་པ་གཅི། ཕྱོགས་འདུས་ཞུས་པ་གཅིག་བཅས་མཁྱོན་བོད་ཡིག་ནང་དེབ་ཕྲེང་བདུན་འདོན་སྤེལ་གནང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཕྲོད་བཞེས་སྤྱིའི་ཆ་ནས་ཧ་ཅང་ཡག་པོ་ཡོད་པ་སྲིད་སྐྱོང་མཆོག་གིས་གསུངས་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་གསང་བའི་ལས་ཁུངས་ཀྱིས་དེ་སྔ་བོད་དམག་ཚོར་གསང་བའི་དམག་སྦྱོང་སྤྲོད་ཡུལ་དངོས་རྩད་ཆོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎