རྡོ་པོ་ལགས་ཀྱིས་སྐུ་ལུས་མེར་བསྲེགས་གནང་འདུག

2018-11-08
གློག་འཕྲིན།
མཆན།
Share
པར་བཀོད།
རྡོ་པོ་ལགས།
རྡོ་པོ་ལགས།
བོད་འབྱོར།

ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༡༡ པའི་ཚེས་ ༤ ཉིན་བོད་ཨ་མདོ་རྔ་པའི་ནང་སླར་ཡང་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་ཅན་གྱི་སྲི་བྱུས་ཁག་ལ་ཞུ་འབོད་སླད་གཞོན་སྐྱེས་རྡོ་པོ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་འདུག་ཅིང་།  ཁོང་གིས “རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་བརྟན་དགོས། གསེར་ཞལ་མྱུར་ཏུ་མཇལ་བར་ཤོག” ཅེས་སྐད་འབོད་བྱས་ནས་མཐར་འདས་གྲོངས་སུ་གྱུར་ཡོད་པ་བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་བྱེས་ཀྱི་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་གཉིས་ཀྱི་མཚན་ཐོག་ནས་གསལ་བསྒྲགས་གནང་འདུག རྡོ་པོ་ལགས་ནི་རྔ་པ་རྫོང་ཆོ་རྗེ་མ་ཡུལ་ཚོའི་བྱ་སྐོར་སྡེ་བ་ནས་ཡིན་པ་དང་། རང་ལོ་ ༢༣ ཡིན་འདུག་ཅིང་།  ཕ་མིང་ལ་གཅོད་པ་དང་མ་མིང་ལ་འཕྲིན་ལས་སྐྱིད་ཟེར་གྱི་ཡོད་འདུག་ཅིང་།  མ་འཕྲིན་ལས་སྐྱིད་ལགས་ལོ་ཤས་གོང་ནས་གྲོངས་འདུག ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན།  རྡོ་པོ་ལགས་ཁོང་ཨ་ཞང་འཇམ་དཔལ་གྲགས་པ་ཚང་གི་ནང་ལ་གཏན་སྡོད་བྱས་ནས་ཡོད་འདུག  ཁོང་འདས་གྲོངས་སུ་སོང་བ་ཤེས་རྟོགས་བྱུང་ཡོད་འདུག་ན་ཡང་།  ཁོང་གི་སྐུ་ཕུང་རྒྱ་གཞུང་གིས་འཕྲོག་ཡོད་མེད་དང་དང་ཤུལ་ལུས་ནང་མིའི་གནས་སྟངས་ཇི་ཡིན་སོགས་ཞིབ་ཕྲ་ད་བར་ཤེས་རྟོགས་ཐུབ་མེད་པ་རེད་འདུག བྱ་སྐོར་མ་སྡེ་བ་ནི་དེང་སང་རྒྱ་གཞུང་གིས་བཅད་བགོས་བྱས་པའི་རྔ་པ་རྫོང་ཆོ་རྗེ་མ་ཡུལ་ཚོའི་རུ་ཆེན་གཉིས་པ་ཡིན་པ་དང་། འཚོ་ཐབས་ནི་འབྲོག་ལས་ལ་བརྟེན་པའི་འབྲོག་སྡེ་ཞིག་ཡིན་འདུག  རྡོ་པོ་ལགས་ནི་ད་བར་ཤེས་རྟོགས་ཐུབ་པའི་ཨ་མདོ་རྔ་བའི་ནང་བྱུང་བའི་རང་ལུས་མེར་བསྲེགས་གནང་མཁན་༤༡ པ་ཡིན་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།