སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་བདམས་ཐོན་ཚོགས་གཙོར་འཚམས་འདྲི་ཞུས་འདུག

2025.01.10
སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་བདམས་ཐོན་ཚོགས་གཙོར་འཚམས་འདྲི་ཞུས་འདུག སྲིད་སྐྱོང་སྤེན་པ་ཚེ་རིང་དང་ཨ་རིའི་གྲོས་ཚོགས་འོག་མའི་བདམས་ཐོན་ཚོགས་གཙོ་(Mike Johnson)་ལགས།
སྒྲིག་བཟོ།

དེ་ཡང་འདི་ཚེས་༡༠ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་གིས་ལས་ཐོག་ཚོགས་གཙོ་སྐུ་ཞབས་(Mike Johnson)་མཆོག་བསྐྱར་དུ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་བདམས་ཐོན་བྱུང་བར་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་དགའ་བསུའི་འཚམས་འདྲི་ཞུས་གནང་འདུག་ལ། འཚམས་འཕྲིན་ནང་། ཨ་རིའི་གྲོས་ཚོགས་ནི་བོད་དོན་ཐོག་ཡུན་རིང་རྒྱབ་སྐྱོར་གནང་མཁན་ཞིག་དང་། ལོ་ངོ་མང་པོའི་རིང་ཆབ་སྲིད་ཚོགས་པ་གཉིས་ཀས་གལ་ཆེའི་རྒྱབ་སྐྱོར་གནང་བ་དེས་ཨ་རིའི་སྲིད་བྱུས་དང་། བོད་དོན་ཐོག་རྒྱབ་སྐྱོར་བརྟན་པོ་ཞིག་བསྐྲུན་ཡོད། སྐུ་ཉིད་ཀྱི་ཚོགས་གཙོའི་དུས་ཡུན་རིང་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཆེད་ཕྱག་ལས་གནང་རྒྱུའི་རེ་བ་ཡོད། ཅེས་ཞུས་བ་དང་མཉམ། ཨ་རིའི་གྲོས་ཚོགས་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཨ་རིའི་གྲོས་ཚོགས་དང་བོད་མིའི་བར་གྱི་འབྲེལ་ལམ་ཤུགས་ཆེར་གཏོང་ཆེད་སྐུ་ཉིད་མཆོག་དང་མཇལ་འཕྲད་གནང་འདོད་ཡོད་ཅེས་གསུངས་འདུག

Speaker Khenpo Sonam Tenphel Congratulates US Speaker Mike Johnson.jpg
དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འཕྲིན་བཏང་བའི་ནང་། ཨ་རིའི་རྒྱལ་ཁབ་ནི་བོད་མིའི་གཞི་རྩའི་ཐོབ་ཐང་སྲུང་སྐྱོབ་ཐོག་ཡུན་རིང་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་མ་ཟད། རྒྱལ་སྤྱིའི་ཐོག་བོད་ཀྱི་གནད་དོན་གླེང་སློང་གནང་མཁན་ཞིག་ཀྱང་ཆགས་ཀྱི་ཡོད། དེ་ལྟར་རྒྱབ་སྐྱོར་གནང་བའི་ཐོག་ནས་ཨ་རིའི་རྒྱལ་ཁབ་ནི་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། འགྲོ་བ་མིའི་ཆེ་མཐོང་བཅས་སྲུང་སྐྱོབ་གོང་འཕེལ་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་མཚོན་གྱི་ཡོད། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་སྐུ་ཉིད་ནས་རྒྱབ་སྐྱོར་མཐུན་འགྱུར་གནང་རྒྱུའི་རེ་བ་ཞུ་བཞིན་ཡོད། ཅེས་དང་། སྐུ་ཉིད་ཀྱིས་ཚོགས་གཙོའི་ལས་ཡུན་རིང་ཨ་རིའི་མི་མང་གི་མངོན་འདོད་འགྲུབ་རྒྱུ་སོགས་མ་འོངས་པའི་ལས་དོན་མཐའ་དག་ལམ་ལྷོངས་ལྡན་པ་ཡོང་བ་དང་། དེ་བཞིན་འཛམ་གླིང་ནང་ཞི་བདེ་དང་། དྲང་བདེན། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གང་ལེགས་ཡོང་བའི་རེ་བ་ཞུ་རྒྱུ་ཡིན་ཞེས་འཁོད་འདུག


གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ནང་ས་ཡོམ་ཤུགས་ཚད་ ༧.༡ བརྒྱབ་སྟེ་མི་ ༡༢༦ རྐྱེན་འདས་དང་རྨས་སྐྱོན་ཕོག་པའི་གྲངས་འབོར་ ༡༨༨ ནས་ཚེས་ ༡༠ ཉིན་ ༣༣༧ ལ་ཕར་པ་དང་།  ཕྱི་ཚེས་ ༡༤ བར་འགུལ་ལྷག་ཐེངས་ ༣༦༡༤ ཙམ་བྱུང་པ་བསྒྲགས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་དིང་རིའི་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་དུ་དགེ་འདུན་པ་ཕེབས་རྒྱུར་ཚོད་འཛིན་དང་བསྔོ་སྨོན་སོགས་གསུང་འཇུག་གི་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎