སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཏོག་དབྱིབས་གཉན་རིམས་གྱི་ནད་པ་ཟུར་བཀག་ལྟ་སྐྱོང་བྱ་ཡུལ་དུ་ཆེད་ཕེབས་ཀྱིས་ནད་པ་ཚོ་དང་ཐུག་འཕྲད་གནང་འདུག

2021.05.28
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཏོག་དབྱིབས་གཉན་རིམས་གྱི་ནད་པ་ཟུར་བཀག་ལྟ་སྐྱོང་བྱ་ཡུལ་དུ་ཆེད་ཕེབས་ཀྱིས་ནད་པ་ཚོ་དང་ཐུག་འཕྲད་གནང་འདུག སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཏོག་དབྱིབས་གཉན་རིམས་གྱི་ནད་པ་ཟུར་བཀག་ལྟ་སྐྱོང་བྱ་ཡུལ་དུ་ཕེབས་པ།
བོད་མིའི་སྒྲིག་འཛུགས།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ཕྱག་ལས་དབུ་འཛུགས་ཉིན་དང་པོ་གཟའ་ཕུར་བུའི་ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་ Covid-19 ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་མཉམ་ལྷན་ཚོགས་ཞིག་བསྐོང་ཚོགས་གནང་ནས་རྒྱ་གར་དང་བལ་ཡུལ་ནང་ཡོད་པའི་བཙན་བྱོལ་བོད་པའི་ས་ཁུལ་གྱི་ཏོག་དབྱིབས་འགོས་ནད་ཀྱི་ཁྱོན་ཡོངས་ཀྱི་གནས་སྟངས་ལ་གསན་ཞིབ་གནང་བ་དང་བཞུགས་སྒར་དུ་ཡོད་པའི་ཏོག་དབྱིབས་གཉན་རིམས་གྱི་ནད་པ་ཟུར་བཀག་ལྟ་སྐྱོང་བྱ་ཡུལ་དུ་ཆེད་ཕེབས་ཀྱིས་ནད་པ་ཚོ་དང་ཐུག་འཕྲད་གནང་འདུག

དེ་ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མཛད་ཁུར་དམ་འབུལ་གྱི་གསུང་བཤད་གནང་བའི་ནང་དུ། རྒྱ་གར་དང་བལ་ཡུལ་ནང་བཞུགས་པའི་བཙན་བྱོལ་བོད་མི་བཞུགས་པའི་ས་ཁུལ་ཁག་ཏུ་ Covid-19 ཞེས་པའི་འགོས་ནད་སྔར་བཞིན་ཁྱབ་གདལ་ཆེན་པོ་ཡོད་པ་དེ་སེལ་ཐབས་གནང་རྒྱུ་དེ་ཁོང་གི་ལས་དོན་གལ་ཆེའི་གྲས་ཤིག་ཡིན་པ་གསུང་ཡོད་པ་རེད།

གཟའ་པ་སངས་ཉིན་སྲིད་སྐྱོང་མཆོག་བཞུགས་སྒར་རྡ་རམ་ས་ལའི་མེག་ལོར་གྷནཇ་དང་། སྣེ་ལེན་ཁང་། རྡ་སྟེང་བུ་ཁྱིམ་བཅས་འགོས་ནད་སྔོན་འགོག་ས་ཚིགས་ཁག་གསུམ་ལ་ཕེབས་ཡོད་པ་དང་།

དེ་རྗེས་ཁོང་གིས་བདེ་ལེགས་སྨན་ཁང་གི་མྱུར་སྐྱོབ་སྣུམ་འཁོར་གསར་པ་བེད་སྤྱོད་འགོ་འཛུགས་དབུ་འབྱེད་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་བལ་ཡུལ་ལ་ཨ་སྒོར་ས་ཡ་ ༢༠ རོགས་སྐྱོར་བྱ་རྒྱུ་སོགས་དོན་ཚན་དགུ་ཅན་གྱི་གྲོས་མཐུན་ལ་མཚན་རྟགས་བསྐྱོན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎