བོད་རྒྱ་འབྲེལ་མོལ་མགྱོཊ་མྱུར་ཡོང་ཆེད་རྒྱབ་སྐྱོར་གནང་རོགས།


2017.03.29
སྲིད་སྐྱོང་མཆོག་དང་སུད་སིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པ་མཉམ། ༢༠༡༧།༢།༢༨ སྲིད་སྐྱོང་མཆོག་དང་སུད་སིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པ་མཉམ། ༢༠༡༧།༢།༢༨
tibet.net

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སུད་སིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པ་དང་ཐུག་འཕྲད་ཀྱིས་བོད་ཀྱི་གནས་སྟངས་སྐོར་གླེང་མོལ་གནང་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན། ཟླ་བ་འདིའི་ཚེས་ ༢༨ ཉིན་གྱི་ཕྱི་དྲོར་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ད་ལྟ་བཞུགས་སྒར་རྡ་རམ་ས་ལར་ཕེབས་ཡོད་པའི་སུད་སིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པའི་སྐུ་ཚབ་རྣམ་པར་བཀའ་ཤག་ཏུ་ཕེབས་བསུའི་སྣེ་ལེན་ཞུས་པ་དང་། ཁོང་རྣམས་དང་ལྷན་དུ་བོད་དོན་དང་འབྲེལ་བའི་གལ་ཆེའི་གནད་དོན་ཁག་དང་། བོད་ཀྱི་ས་བབ་ཀྱི་གནས་སྟངས་འོག་བོད་དེ་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་གལ་གནད་ཆེ་ཚུལ་སོགས་ཀྱི་སྐོར་གྲོས་བསྡུར་གནང་འདུག
དེ་བཞིན་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་འཐུས་མི་རྣམ་པར་དབུ་མའི་ལམ་གཞིར་བཞག་པའི་ཐོག་བོད་རྒྱ་འབྲེལ་མོལ་མགྱོགས་མྱུར་ཡོང་ཆེད་རྒྱབ་སྐྱོར་གནང་སྐྱོང་བའི་འབོད་སྐུལ་ཞུས་པ་དང་། དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་མི་རྣམས་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐབས་རྩོད་བཞིན་ཡོད་པ་དང་། དེ་ནི་རྒྱ་ནག་གཅིག་གི་སྲིད་བྱུས་དང་རྒྱབ་འགལ་ཆགས་ཀྱི་མེད། ཅེས་གསུངས་འདུག
གཞན་ཡང་སྲིད་སྐྱོང་མཆོག་གིས། སྐུ་ཞབས་རེག་སེ་ཊི་ལར་སན་ (Rex Tillerson) མཆོག་ཨ་རིའི་ཕྱི་སྲིད་དྲུང་ཆེར་བསྐོ་བཞག་གནང་གཏན་འཁེལ་སྐབས་ཁོང་གིས། པེ་ཅིང་སྲིད་གཞུང་ནས་བཙན་བྱོལ་བོད་གཞུང་ངམ། ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་ཡོང་ཐབས་སླད་མུ་མཐུད་སྐུལ་མ་བྱེད་རྒྱུ་ཡིན་སྐོར་གསུངས་པ་མ་ཟད། པེ་ཅིང་སྲིད་གཞུང་གིས་གཙོས་སྲིད་གཞུང་གཞན་རྣམས་ཀྱིས་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག བོད་མིའི་ངོ་བོ་སྲུང་སྐྱོབ་ལ་རྒྱབ་སྐྱོར་དང་གུས་བཀུར། དེ་བཞིན་མི་ཉམས་རྒྱུན་འཛིན་ཡོང་བར་མཐུན་འགྱུར་རོགས་རམ་གནང་དགོས་པའི་རེ་འདུན་ཡང་བཏོན་གནང་ཡོད་སྐོར་འགྲེལ་བརྗོད་གནང་འདུག
དེ་དང་མཉམ་དུ་སྲིད་སྐྱོང་མཆོག་གིས། སང་ལོ་ནི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མི་རྣམས་བཙན་བྱོལ་ལ་འབྱོར་ནས་མི་ལོ་ ༦༠ ལྷག་འཁོར་བའི་དྲན་གསོའི་དུས་ཚིགས་ཤིག་ཡིན་སྟབས། རྒྱ་གར་གཙོ་བོར་གྱུར་བའི་བོད་མི་གནས་སྡོད་བྱ་ཡུལ་རྒྱལ་ཁབ་ཁག་གི་གཞུང་ནས་ད་བར་རྒྱབ་སྐྱོར་དང་མཐུན་འགྱུར་གནང་བར་བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༡༨ ལོ་འདི་བཞིན་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུ་ཡིན་པ་འགྲེལ་བརྗོད་གནང་ཡོད།

གསར་འགོད་པ་ལྕགས་མོ་འཚོ་དང་། གུ་རུ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་མི་རྣམས་ནས་གོ་སྐབས་ནམ་བྱུང་ལ་བོད་དོན་དྲིལ་བསྒྲགས་གནང་གལ་ཆེ་བ་ཡིན་ཞེས། སྲིད་སྐྱོང་མཆོག་གིས་མོན་གྷོ་འདོད་རྒུ་གླིང་གི་མི་མང་་ལ་གསུངས་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎