ལྷོ་ཀོརིཡ་ཡིས་རྒྱ་ནག་སློབ་ཕྲུག་ཚོར་མཐོང་མཆན་དམ་དུ་བཏང་བ།

ལྷོ་ཀོ་རིཡ་ཡིས་རྒྱ་ནག་གི་སློབ་ཕྲུག་ལྷོ་ཀོརེཡ་ནང་ཡོང་མཁན་ཚོར་ད་ནས་བཟུང་མཐོང་མཆན་སྤྲོད་ཕྱོཊ་ཐད་དོ་དམ་དུ་གཏང་རྒྱུ་ཡིན་འདུག

2008-04-30
Share

༄༅༎ཉེ་ཆར་རེས་གཟའ་ཉི་མའི་ཉིན་ལྷོ་ཀོ་རིཡ་ཡི་རྒྱལ་ས་ སི་ཡོལ ནང་རྒྱ་ནག་ནང་ཚུགས་རྒྱུའི་ཨོ་ལིམ་པིཀ་རྩེད་འགྲན་གྱི་དཔལ་འབར་་སྐོར་བསྐྱོད་སྐབས་རྒྱ་མི་རིགས་ཁག་ཅིག་གིས། རྒྱ་ནག་ལ་སྐྱོན་བརྗོད་བྱས་མཁན་དང་བོད་དོན་རྒྱབ་སྐྱོར་བྱས་མཁན་ཐོག་རྡོ་བཞུད་པ་དང་ཉེས་རྡུང་བཏང་བ་སོགས་འཚེ་བའི་ལས་ལ་འཇུག་པའི་དོན་རྐྱེན་བྱུང་བ་ལ་བརྟེན་ནས། ལྷོ་ཀོ་རིཡ་ཡིས་རྒྱ་ནག་གི་སློབ་ཕྲུག་ལྷོ་ཀོརེཡ་ནང་ཡོང་མཁན་ཚོར་ད་ནས་བཟུང་མཐོང་མཆན་སྤྲོད་ཕྱོགས་ཐད་དོ་དམ་དུ་གཏང་གནང་རྒྱུའི་འཆར་གཞི་ཡོད་སྐོར་ད་རིང་གསུངས་འདུག རྒྱ་ནག་གི་སློབ་ཕྲུག་ཚོས་རེས་གཟའ་ཉི་མའི་ཉིན་ལྷོ་ཀོརིཡ་ཡི་རྒྱལ་ས་་ སི་ཡོལ་་ ནང་༢༠༠༨་ལོའི་ཨོ་ལིམ་པིཀ་རྩེད་འགྲན་ལ་ངོ་རྒོལ་བྱེད་མཁན་དང་བོད་དོན་རྒྱབ་སྐྱོར་བ་ཚོའི་ཐོག་གང་བྱུང་རྡོ་གཞུས་པའི་གནས་ཚུལ་བྱུང་བ་དེར་ལྷོ་ཀོ་རི་ཡའི་ནང་མང་ཚོགས་ཀྱི་སེམས་ལ་ཕོག་ཐུགས་ཆེན་པོ་བྱུང་ཡོད་པ་རེད།།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།