བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཨ་རིའི་སྲིད་འཛིན་བགྲེས་གཞོན་རྣམ་གཉིས་ལ་འཚམས་འཕྲིན་གནང་ཡོད་འདུག

2021-01-23
Share
བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཨ་རིའི་སྲིད་འཛིན་བགྲེས་གཞོན་རྣམ་གཉིས་ལ་འཚམས་འཕྲིན་གནང་ཡོད་འདུག ཕྱི་ཟླ་༡ཚེས་༢༠ཉིན་ཨ་མེ་རི་ཀའི་སྲིད་འཛིན་Joe Biden མཆོག་དང་སྲིད་འཛིན་གཞོན་པར་ལྕམ་ Kamala Harris རྣམ་གཉིས་དམ་འབུལ་མཛད་པར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པད་མ་འབྱུང་གནས་མཆོག་ནས་འཚམས་འཕྲིན་གནང་ཡོད་འདུག
ཨེ་ཨེཕ་པི།

དེ་ཡང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་མཆོག་ལ་འཚམས་འཕྲིན་ཕུལ་བའི་ནང་། སྐུ་ཉིད་ནས་སྲིད་འཛིན་འོས་བསྡུའི་འགྲན་བརྩོད་སྐབས་སུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་མཁན་རྒྱ་ནག་གཞུང་གི་ལས་བྱེད་མི་སྣ་རྣམས་ལ་དམ་བསྒྲགས་གནང་རྒྱུ་དང་བོད་མི་རྣམས་ལ་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ་མུ་མཐུད་ནས་སྐུ་ཉིད་ཀྱི་གཞུང་ནས་ཉེ་ཆར་གཏན་འབེབས་གནང་བའི་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་ཡིག་གི་འབྲུ་དོན་རྣམས་ཕྱག་བསྟར་གནང་རྒྱུར་ང་ཚོས་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད་ཅེས་གསུངས་ཏེ་ད་བར་བོད་དང་བོད་མི་ཚོར་ཨ་རི་གཞུང་མང་གཉིས་ནས་མཐུན་འགྱུར་དང་རྒྱབ་སྐྱོར་གནང་བར་བཀྲིན་ཆེ་ལ་སྐུ་ཉིད་ཀྱི་ལས་རྒྱུན་རིང་ལམ་ལྷོང་ལྡན་པ་ཞིག་ཡོང་བའི་སྨོན་འདུན་ཡོད་ཅེས་བཀོད་ཡོད་འདུག

དེ་དང་ཕྱོགས་མཚུངས་སྲིད་འཛིན་གཞོན་པ་ལྕམ་ཀ་མ་ལ་ཧ་རིསི་མཆོག་ལ་ཕུལ་བའི་འཚམས་འཕྲིན་དེའི་ནང་། སྐུ་ཉིད་ཨ་རིའི་བུད་མེད་སྲིད་འཛིན་གཞོན་པ་ཐོག་མ་དང། རྒྱ་གར་གྱི་རིགས་རྒྱུད་ཅིག་ཨ་རིའི་སྲིད་འཛིན་གཞོན་པ་ཆགས་པ་དེས་ཨ་རིའི་ནང་ལོ་རྒྱུས་གསར་པ་ཞིག་བསྐྲུན་གནང་ཡོད་ལ་དམ་འབུལ་བཞེས་སྐབས་འཛམ་གླིང་གང་སར་བཞུགས་པའི་རྒྱ་གར་བ་རྣམས་ནས་དགའ་བསུ་ཆེན་པོ་ཞུས་གནང་ཡོད། དེ་ནི་ཨེ་ཤེ་ཡ་སྤྱི་དང་། ལྷག་པར་དུ་རྒྱ་གར་བ་རྣམས་དགའ་སྤོབས་བྱེད་འོས་པའི་དུས་ཚོད་ཅིག་ཡིན་ཞེས་གསུངས་པས་མ་ཟད་གོང་དུ་སྲིད་འཛིན་འཇཱོ་སྦཡེ་ཌེན་མཆོག་ལ་འཚམས་འཕྲིན་ནང་འཁོད་པ་ལྟར་ཨ་མེ་རི་ཀའི་གཞུང་མང་གཉིས་ནས་བོད་དོན་དང་བོད་མིའི་ཐོག་མཐུན་འགྱུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་དང་འབྲེལ་ཁོང་རྣམ་གཉིས་ལ་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་དང་རྒྱ་ནག་གཞུང་ནས་དྲག་གནོན་བྱེད་སྟངས་སོགས་ཀྱི་རོབ་ཙམ་བཀོད་གནང་ཡོད་པ་རེད།།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།