ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་མཁའ་དམག་གི་གནམ་གྲུའི་ནང་ཐེ་ཝན་དུ་བསྐྱོད་པར་རྒྱ་ནག་གཞུང་གིས་ངོ་རྒོལ།

2021-06-07
Share
ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་མཁའ་དམག་གི་གནམ་གྲུའི་ནང་ཐེ་ཝན་དུ་བསྐྱོད་པར་རྒྱ་ནག་གཞུང་གིས་ངོ་རྒོལ། ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་ཨ་རིའི་མཁའ་དམག་གནམ་གྲུའི་ནང་ཐེ་ཝན་དུ་བསྐྱོད་པ། ༦།༦།༢༡
AFP

རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གིས་ཨ་རིའི་གྲོས་ཚོགས་གོང་མིའི་འཐུས་མི་གསུམ་ཐེ་ཝན་དུ་འཚམས་གཟིགས་གནང་བར་ཨ་རིའི་གཞུང་ལ་མི་འདོད་པའི་རྣམ་འགྱུར་དང་བཅས་སྐྱོན་འཛུགས་བྱས་འདུག འདི་ཚེས་༦་གཟའ་ཉི་མ་ཉིན་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་གསུམ་ཐེ་ཝན་དུ་ཕེབས་འབྱོར་བྱུང་སྐབས། ཨ་རི་གཞུང་གིས་ཀོ་ཝིཌ་༡༩་ཏོག་དབྱིབས་ནད་ཡམས་ཀྱི་སྔོན་འགོག་སྨན་ཁབ་རོགས་རམ་གནང་གཏན་འཁེལ་བ་གསལ་བསྒྲགས་གནང་ཡོད་པ་རེད། ཨ་རིའི་གྲོས་ཚོགས་འཐུས་མི་གསུམ་ཐེ་ཝན་དུ་དུས་ཡུན་ཆུ་ཚོད་༣་གྱི་གཟིགས་སྐོར་གནང་བ་དེ་ནི་གནད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་ཁོང་ཁྲོ་སློང་གཞི་དང་། ཐེ་ཝན་མཚོ་འགག་དང་དེ་བཞིན་ཨ་རི་དང་རྒྱ་ནག་བར་གྱི་འབྲེལ་ལམ་སྔར་བས་སྡུག་ཏུ་འགྲོ་རྒྱུའི་ཉེན་ཁ་ཡོད་སྐོར་བརྗོད་འདུག
ཐེ་ཝན་གྱི་སྲིད་འཛིན་ཚེ་ཡེ་ཝིན་ལགས་ཀྱིས་ཨ་རིས་ནད་ཡམས་འགོག་ཁབ་འབུམ་༧་དང་ཕྱེད་ཀ་ཙམ་གནང་བ་དེ་དུས་ཐོག་ཆར་བ་ཡིན་པས་ཐེ་ཝན་དུ་མྱུར་པོར་འབྱོར་རྒྱུ་ཡིན་ལུགས་གསུངས་གནང་འདུག
ཨ་རིས་འགོག་ཁབ་གནང་བ་ལ་དགའ་བསུ་དང་སྦྲགས་ཐེ་ཝན་གྱིས་ཕྱི་སྲིད་བློན་ཆེན་(Joseph Wu)་ལགས་ཀྱིས་ང་ཚོས་སྨན་ཁབ་ནང་འདྲེན་བྱེད་རྒྱུར་འབད་བརྩོན་གང་ནུས་བྱེད་རྒྱུ་དང་མཉམ་རྒྱ་ནག་གི་འགོག་རྐྱེན་ལས་ངེས་པར་དུ་རྣམ་པར་རྒྱལ་བ་བྱེད་དགོས་ཞེས་རྒྱ་ནག་གི་འགོག་སྨན་ལ་ཐེ་ཝན་གྱིས་ཡིད་ཆེས་མི་བྱེད་པ་མ་ཟད། རྒྱ་ནག་གིས་ཐེ་ཝན་ལ་རྒྱལ་སྤྱིའི་རོགས་སྐྱོར་ཐོབ་ཐབས་ལ་བར་ཆད་བཟོ་བཞིན་ཡོད་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།
རྒྱ་ནག་གི་གོ་ལའི་དུས་བབ་གསར་ཤོག་ནང་། ཨ་རིའི་མཁའ་དམག་གི་གནམ་གྲུ་ཐེ་ཝན་དུ་བབས་པ་དེ་ནི་བྱ་སྤྱོད་ཚབས་ཆེན་ཞིག་ཡིན་པས། རྒྱ་ནག་གིས་ཡ་ལན་མ་སྤྲད་པར་སྡོད་ཐབས་བྲལ་བ་ཞིག་རེད་ཅེས་བརྗོད་འདུག དེ་སྔོན་རྒྱ་ནག་གཞུང་འབྲེལ་གསར་ལས་ཁང་ནང་ཨ་རིའི་མཁའ་དམག་གནམ་གྲུ་ཐེ་ཝན་དུ་འཕུར་བའི་གནད་དོན་ཐད། རྒྱ་ནག་གཞུང་གིས་དམག་རྒྱག་རྒྱུའི་སྡིགས་ར་བསྐུལ་བ་དང་གོ་ལའི་དུས་བབས་ཐོག་དེ་ནི་ཨ་རིའི་གཞུང་གིས་མེ་དང་རྩེད་མོ་རྩེད་པ་རེད་ཅེས་བརྗོད་འདུག
ཐེ་ཝན་ནང་མི་འབོར་བརྒྱ་ཆ་༣་ཙམ་ལ་མ་གཏོགས་ཏོག་དབྱིབས་ནད་ཡམས་ཀྱི་འགོག་ཁབ་དེ་རག་མེད་པ་དང་། གཟའ་སྤེན་པ་ཉིན་ཡུལ་དེར་ནད་ཡམས་ཀྱི་རྐྱེན་གྱིས་འདས་གྲོངས་ཕྱིན་པ་མི་གྲངས་༣༧་བྱུང་བ་ནི་ད་བར་ཉིན་གཅིག་ནང་རྐྱེན་འདས་སུ་གྱུར་པའི་གྲངས་འབོར་མཐོ་ཤོས་ཆགས་འདུག
ཨ་རིའི་གྲོས་ཚོགས་འཐུས་མི་(Tammy Duckworth)་ལགས་ཀྱིས་ཨ་རིའི་གཞུང་གིས་ཐེ་ཝན་ལ་འགོག་ཁབ་མཐུན་རྐྱེན་སྦྱོར་རྒྱུ་གལ་འགངས་ཆེན་པོ་ཞིག་ལ་བརྩི་བ་དང་། དེ་ནི་ཐེ་ཝན་ལ་ཛ་དྲག་གི་དགོས་མཁོ་ཞིག་ལ་ཐུག་པ་མ་ཟད། ཐེ་ཝན་དང་མཉམ་ལས་ཀྱི་ལས་དོན་གལ་ཆེ་ཞིག་ལ་ཡིན་ལུགས་གསུངས་གནང་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།