བོད་ཀྱི་ལོ་སར་སྐབས་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་རང་བཙན་ཆེད་གོམ་བགྲོད་གནང་།

2021.02.12
Share on WhatsApp
Share on WhatsApp
བོད་ཀྱི་ལོ་སར་སྐབས་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་རང་བཙན་ཆེད་གོམ་བགྲོད་གནང་། བོད་ཀྱི་ལོ་སར་སྐབས་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་རང་བཙན་ཆེད་གོམ་བགྲོད་དབུ་འཛུགས་སྐབས། ༠༢།༡༢།༢༡
RFA/Dhasa

བོད་ཀྱི་ལོ་སར་ཚེས་གཅིག་ཉིན་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་བོད་དོན་ཆེད་དུ་བཞུགས་སྒར་རྡ་རམ་སཱ་ལ་ནས་ལྡི་ལི་བར་གོམ་བགྲོད་ལས་འགུལ་དབུ་འཛུགས་གནང་སོང་།
བོད་ཀྱི་ལོ་སར་ཚེས་༡ཉིན་གྱི་སྔ་དྲོར། གཞོན་སྐྱེས་རྩོམ་པ་པོ་དང་བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བཙོན་འགྲུས་ལགས་ཀྱིས། བཞུགས་སྒར་རྡ་རམ་སཱ་ལ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བར་རྒྱང་ཐག་སྤྱི་ལེ་༥༠༠ལྷག་གི་བོད་དོན་ཆེད་རང་བཙན་ཆེད་གོམ་བགྲོད་ལས་འགུལ་དབུ་འཛུགས་གནང་སོང་།
ད་ཐེངས་ཀྱི་གོམ་བགྲོད་ལས་འགུལ་ཐད་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་གསུངས་ན། གོམ་བགྲོད་ཀྱི་ལས་འགུལ་སྐབས་ས་གནས་རྒྱ་གར་ཡུལ་མི་དང་རྒྱ་གར་མང་ཚོགས་རྣམས་ལ་བོད་དོན་དྲིལ་བསྒྲགས་དང་མཉམ། གཙོ་བོ་རྒྱ་གར་གཞུང་གིས་རྒྱ་ནག་གཅིག་གི་སྲིད་ཇུས་འཛིན་བཞིན་པ་དེ་འགྱུར་བ་གཏོང་དགོས་པ་དང་། བོད་དེ་བཞིན་རྒྱ་ནག་གིས་བཙན་འཛུལ་བྱས་པའི་རྒྱལ་ཁབ་གཅིག་ལ་ངོས་འཛིན་གནང་དགོས་པའི་དགོས་འདུན་ཆེད་ཡིན་པ་རེད་འདུག
བསྟན་འཛིན་བཙོན་འགྲུས་ལགས་ཀྱི་བོད་དོན་ཆེད་ཀྱི་གོམ་བགྲོད་དེ་དངོས་སུ་དབུ་འཛུགས་མ་གནང་གོང་། མཛད་སྒོ་སྟབས་བདེ་ཞིག་ཚོགས་པའི་སར། བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་དབུས་པའི་རྒྱུན་ལས་རྣམ་པ་དང་། བོད་ཀྱི་བེུད་ལྷན་ཚོགས་གཙོས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་འཐུས་མི་རྣམ་པ། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ། དེ་བཞིན་ས་གནས་བོད་མི་དང་། རྒྱ་གར་ཡུལ་མི། ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་སོགས་མཉམ་འཛོམས་ཐོག་བོད་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་ནས་ཁ་བཏགས་སྒྲོན་པ་དང་། མི་མང་པོ་ཞིག་གིས་བསྟན་འཛིན་བརྩོན་འགྲུས་ལགས་དང་ལྷན། གངས་སྐྱིད་བར་དུ་གོམ་བགྲོད་གནང་སྟེ་ཕེབས་སྐྱེལ་ཞུས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་བྱ་སྤྱོད་ལ་ཡིད་གཟབ་གནང་དགོས་བ་ཉི་ཧོང་དུ་གསུངས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎