ཨོསི་ཊརེ་ལི་ཡ་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་བློ་ཚབས་ཡོད་པ་གསལ་སྟོན་གནང་འདུག

2024.08.12
ཨོསི་ཊརེ་ལི་ཡ་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་བློ་ཚབས་ཡོད་པ་གསལ་སྟོན་གནང་འདུག ཨོསི་ཊརེ་ལི་ཡའི་(Australia)ནང་བོད་དོན་ལས་འགུལ་ཞིག་གི་སྐབས། ༠༢།༢༠༢༢
FB / Australia Tibet Council

དེ་ཡང་ཉེ་སྔོན་ཨ་རིའི་གཞུང་གིས་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་ཡིག་གཏན་འབེབས་གནང་བ་འབྲེལ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཨོསི་ཊརེ་ལི་ཡ་(Australia)་གཞུང་ནས་ཀྱང་དེ་ལྟ་བུའི་ཁྲིམས་ཡིག་གཏན་འབེབ་གནང་བ་སོགས་བརྒྱུད་བོད་དོན་ལ་རྒྱབ་སྐྱོར་གནང་མིན་གྱི་ཐད་ནས་བཅར་འདྲི་ཞུས་པར། སྤྱི་ཚེས་༡༢ཉིན་ཡིག་ཐོག་ནས་ལན་འདེབས་གནང་བའི་ནང་། ཨོསི་ཊརེ་ལི་ཡ་གཞུང་གི་ངོས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་བློ་ཚབས་ཆེན་པོ་ཡོད་པ་གསལ་སྟོན་གནང་བ་དང་འབྲེལ། ཨོསི་ཊརེ་ལི་ཡ་གཞུང་གི་ངོས་ནས་རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་གཏོང་བཞིན་པའི་གནས་སྟངས་ཐད་བློ་ཚབས་ཆེན་པོ་ཡོད། ལྷག་པར་དུ་རྒྱ་ནག་གཞུང་གིས་བོད་ཀྱི་བྱིས་པ་རྣམས་རང་གི་ཕ་མ་དང་ཁ་བྲལ་ནས་བཙན་གྱིས་བཅའ་སྡོད་སློབ་གྲྭར་བཅུག་པ་དང་། བོད་མི་ཞི་བའི་ལས་འགུལ་སྤེལ་མཁན་རྣམས་འཛིན་བཟུང་བཙོན་འཇུག་བྱེད་པ། བོད་ཀྱི་ཆོས་ལུགས་བྱེད་སྒོ་ཁག་ལ་དམ་དྲག་ཤུགས་ཆེ་བྱེད་བཞིན་པ་སོགས་ཀྱི་གནས་སྟངས་ཐད་བློ་ཚབས་ཆེན་པོ་ཡོད་པ་བཞིན། ཨོསི་ཊརེ་ལི་ཡ་གཞུང་གི་ངོས་ནས་ནམ་རྒྱུན་རྒྱ་ནག་ལ་གནད་དོན་འདི་དག་གི་ཐད་ནས་གླེང་སློང་གནང་གི་ཡོད་པ་གསལ་བཏོན་གནང་འདུག
ལྷག་པར་དུ་ཉེ་སྔོན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཨོསི་ཊརེ་ལི་ཡར་གཞུང་འབྲེལ་ཕྱོགས་བསྐྱོད་དུ་འབྱོར་སྐབས་སུ་ཡང་། ཨོསི་ཊརེ་ལི་ཡའི་ཕྱི་སྲིད་བློན་ཆེན་གྱིས་གོང་ཞུས་གནད་དོན་དེ་དག་གླེང་སློང་གནང་བའི་ཐོག ཨོསི་ཊརེ་ལི་ཡ་གཞུང་གི་ངོས་ནས་རྒྱ་ནག་གཞུང་ལ་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་ལྷན་དོན་ཕན་ལྡན་པའི་གྲོས་མོལ་བརྒྱུད་བོད་ཀྱི་རྩ་བའི་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་པ་སོགས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་ནས་ལན་འདེབས་གནང་བའི་ནང་འཁོད་འདུག


གསར་འགོད་པ། བསོད་ནམས་ལྷ་མོ། བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་པེ་ལོ་སི་ལ་སོགས་གནད་ཡོད་མི་སྣ་ཚོས་གསུམ་བཅུའི་དུས་དྲན་ཉིན་བསྒྲགས་གཏམ་སྤེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎