ཨོསི་ཊརེ་ལི་ཡའི་ནང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་འབྱོར་སྐབས་བོད་མི་གཙོས་པའི་ཧོང་ཀོང་བ། ཡུ་གུར་སོགས་ཀྱིས་མང་པོས་ངོ་རྒོལ་བྱས་འདུག

2024.03.20
ཨོསི་ཊརེ་ལི་ཡའི་ནང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་འབྱོར་སྐབས་བོད་མི་གཙོས་པའི་ཧོང་ཀོང་བ། ཡུ་གུར་སོགས་ཀྱིས་མང་པོས་ངོ་རྒོལ་བྱས་འདུག ཨོསི་ཊརེ་ལི་ཡའི་ནང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་འབྱོར་སྐབས་བོད་མི་གཙོས་པའི་ཧོང་ཀོང་བ། ཡུ་གུར་སོགས་ཀྱིས་མང་པོས་ངོ་རྒོལ་གནང་སྐབས། ༠༣།༢༠།༢༠༢༤
Australia Tibet Council

ཟླ་བ་འདིའི་ཕྱི་ཚེས་༢༠་ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡིས་ཨོསི་ཊརེ་ལི་ཡའི་(Australia)་ཡའི་གྲོང་ཁྱེར་ཀེན་བྷི་ར་ནང་རྒྱལ་དོན་འཚམས་གཟིགས་གནང་བར་འབྱོར་སྐབས། ས་གནས་དེ་དང་གཞན་ཨོསི་ཊརེ་ལི་ཡའི་གྲོང་ཁྱེར་སིཌ་ནི་དང་། ནོ་ར་དང་དེ་བཞིན་ཝ་གྷ་ཝ་གྷ་བཅས་ས་གནས་འདྲ་མིན་ཁག་ནས་འབྱོར་བའི་བོད་མི་གཙོས་པས་རྒྱ་ནག་གི་དྲག་གནོན་འོག་དཀའ་སྡུག་མྱོང་བཞིན་པའི་རྒྱ་རིགས་ཁག་ཅིག་དང་། ཧོང་ཀོང་བ། དེ་བཞིན་ཡུ་གུར་སོགས་སྡེ་ཁག་གི་མི་གྲངས་བརྒྱ་ཕྲག་ཁ་ཤས་མཉམ་དུ་ཀེན་བྷི་ར་ནང་ཡོད་པའི་ཨོསི་ཊརེ་ལི་ཡ་གྲོས་ཚོགས་ཀྱི་ཚོགས་ཁང་མདུན་དུ་ལྷན་འཛོམས་ཀྱིས། རྒྱ་ནག་གཞུང་གིས་མི་རིགས་དེ་དག་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པ་དང་། མི་རིགས་དེ་དག་ལ་གང་ཅིའི་ཐད་རང་དབང་བྲལ་ཏེ་རྒྱ་གཞུང་གིས་སྡུག་རྩུབ་འོག་དཀའ་སྡུག་མྱོང་བཞིན་པ་རྣམས་ལ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་མཚོན་པའི་རང་དབང་སྤྲོད་རྒྱུར་ཨོསི་ཊརེ་ལི་ཡ་གཞུང་གིས་ད་ཐེངས་གླེང་སློང་དགོས་པའི་ཞུ་འབོད་གནང་ཡོད་པ། ལས་འགུལ་དེ་གོ་སྒྲིག་གནང་མཁན་གྲས་ཨོསི་ཊརེ་ལི་ཡ་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་རྔ་བ་ཆོས་འཛིན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།

433842677_10159616242665303_2543498532260959479_n.jpg
པར། Facebook/Katie Camarena


ལས་འགུལ་དེའི་ནང་ཨོསི་ཊརེ་ལི་ཡར་གནས་བཞུགས་བོད་མི་མང་སྤྱི་ཟུར་གདོང་འདུས་སྐྱིད་འཛོམས་ལགས་དང་། སིཌ་ནི་བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་ཡེ་ཤེས་རྟོགས་ལྡན་ལགས། གཞན་ཡང་ཨོསི་ཊརེ་ལི་ཡའི་ནང་གི་དྭང་ལང་བོད་དོན་ཞུ་གཏུགས་ལས་འགུལ་གྱི་ཚོགས་མི་ཕུན་ཚོགས་སྒྲོལ་མ་བསྟན་འཛིན་ལགས་བཅས་ཀྱིས་ད་ཐེངས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡིས་དངོས་སུ་ཨོསི་ཊརེ་ལི་ཡའི་(Australia)་ནང་ཡོང་པ་ཡིན་དུས། ཨོསི་ཊརེ་ལི་ཡ་གཞུང་གིས་བོད་ནང་གི་ད་ལྟའི་གནས་སྟངས་སྡུག་པོ་ཡོད་པ་དེ་གལ་ཆེན་དུ་བརྩིས་ནས་ཁོང་དང་མཉམ་དུ་གླེང་སློང་ཡོང་ཆེད་ལས་འགུལ་ནང་མཉམ་ཞུགས་གནང་བ་སོགས་ངོ་སྤྲོད་གནང་བྱུང་།
སྐབས་དེར་ཨོསི་ཊརེ་ལི་ཡ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་(Jenate Rice)་ལགས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་གསུང་བཤད་གནང་ཡོད་པ་མ་ཟད། ཁོང་གི་སྤྱི་ཚོགས་དྲ་རྒྱའི་ཐོག་བརྙན་ཐུང་ཞིག་འདོན་སྤེལ་གནང་བའི་ནང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡིས་དང་ཨོསི་ཊརེ་ལི་ཡའི་ཕྱི་སྲིད་བློན་ཆེན་Penny Wong)་དང་། ཨོསི་ཊརེ་ལི་ཡའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་(Simon Birmingham)་བཅས་དང་མཇལ་ཕྲད་གནང་བའི་སྐབས་བོད་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གཙོ་བོར་བཟུང་ནས་བཀའ་བསྡུར་གནང་དགོས་པ་དང་། བོད་ནང་རྒྱ་གཞུང་གིས་སྡུག་རྩུབ་དྲག་གནོན་འོག་བོད་མི་རྣམས་ལ་ཆོས་དད་རང་དབང་བྲལ་ཞིང་བོད་མིའི་ས་ཆ་བཙན་འཕྲོག་བྱེད་པ་དང་། བོད་ཕྲུག་ཚོ་རྒྱ་ནག་གིས་བཙུགས་པའི་གཏན་འཇགས་སློབ་གྲྭ་ཁག་ཏུ་བཅུག་པ་སོགས་བོད་མི་རྣམས་ཀྱི་རང་དབང་གང་སྤྱིར་ཐད་དྲག་གནོན་བྱེད་བཞིན་པར་བརྟེན། ཨོསི་ཊརེ་ལི་ཡ་དང་རྒྱ་ནག་བར་རྒྱུན་ལྡན་གྱི་འབྲེལ་ལམ་དེ་ཡོང་མི་སྲིད་ཞིག་ཡིན་པ་མ་ཟད། ཨོསི་ཊརེ་ལི་ཡ་གཞུང་ནས་རྒྱ་ནག་གི་བཙན་གནོན་མྱོང་བཞིན་པའི་མི་རིགས་རྣམས་ཀྱི་ཆེད་གླེང་སློང་དགོས་པའི་དགོས་འདུན་བཏོན་གནང་འདུག
དེ་མིན་ཡང་ལས་འགུལ་དེའི་ནང་མཉམ་ཞུགས་གནང་མཁན་ཐེ་ཝན་ནས་ཡིན་པ་(Sophia Tsai)་ལགས་ཀྱིས། ང་ཚོའི་རེ་བར་ཨོསི་ཊརེ་ལི་ཡ་གཞུང་ངོས་ནས་ཨོསི་ཊརེ་ལི་ཡ་མི་མང་གི་རིན་ཐང་དང་མཐུན་པའི་རེ་འདུན་སྒྲུབ་རྒྱུ་དེ་ཡིན། དེ་སྔ་ཨོསི་ཊརེ་ལི་ཡ་གཞུང་ངོས་ནས་རྒྱ་ནག་གཞུང་གི་དྲག་གནོན་དང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་བར་རྒོལ་ལན་སློག་མེད་པར་བརྟེན་ཨོསི་ཊརེ་ལི་ཡ་གཞུང་ནས་རྒྱ་གཞུང་གི་དྲག་གནོན་འོག་ཡོད་པའི་མི་རིགས་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སྤྲད་དགོས་པ་སོགས་ཀྱི་དགོས་འདུན་བཏོན་བཞིན་ཡོད་སྐོར་གསུང་བྱུང་།
ལས་འགུལ་བ་རྣམས་ཀྱིས་གྲོས་ཚོགས་ཚོགས་ཁང་མདུན་ནས་ས་གནས་དེར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་བར་སྐད་འབོད་བྱེད་ཞོར་ཞི་བའི་གོམས་བགྲོད་གནང་ཡོད་པ་དང་། རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་གནང་ཡོད་པ་རེད།
ཀེ་བྷི་ར་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཡེ་ཤེས་ཆོས་སྒྲོན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ཚེས་༢༠ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་སྡོད་ས་(Hyatt)་མགྲོན་ཁང་ནས་ཕྱིར་ཐོན་པའི་སྐབས་སུ། བོད་མི་ཚོས་གདོང་ཐུག་ལས་འགུལ་སྤེལ་གནང་ཡོད་པ་འགྲེལ་བརྗོད་གནང་བྱུང་།

ཕྱི་ཟླ་༣་པའི་ཚེས་༢༠ཉིན་ཨོསི་ཊརེ་ལི་ཡའི་(Australia)་ཕྱི་སྲིད་བློན་ཆེན་པེ་ནི་ཝོང་(Penny Wong)་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡིས་(Wang Yi)་མཇལ་འཕྲད་གནང་གྲུབ་མཚམས་ཨོསི་ཊརེ་ལི་ཡའི་ཕྱི་སྲིད་ལྷན་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་ཡིག་ཐོག་ལན་འདེབས་གནང་པའི་ནང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་གི་གནད་དོན་ཚུད་པའི་རྒྱ་ནག་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནད་དོན་ཁག་ལ་ཨོསི་ཊརེ་ལི་ཡ་གཞུང་གིས་ཐུགས་ཚབས་གནང་གི་ཡོད་པ་དང་། གནད་དོན་འདི་དག་ཨོསི་ཊརེ་ལི་ཡའི་ཕྱི་སྲིད་བློན་ཆེན་(Penny Wong)་གྱིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡིས་དང་མཉམ་ཕྱི་ཟླ་༣ཚེས་༢༠ཉིན་ཨོསི་ཊརེ་ལི་ཡ་དང་རྒྱ་ནག་བར་གྱི་ཕྱི་འབྲེལ་དང་ཐབས་བྱུས་ཀྱི་གྲོས་མོལ་གནང་སྐབས་ཐད་ཀར་གླེང་སློང་གནང་ཡོད་པ་བཀོད་འདུག
ད་དུང་ཨོསི་ཊརེ་ལི་ཡའི་ཕྱི་སྲིད་གནད་དོན་དང་ཚོང་དོན་ལས་ཁུངས་ཀྱི་མགྲིན་ཚབ་པས་གནང་པའི་ལན་འདེབས་གསལ་བཤད་དེའི་ནང་། ཨོསི་ཊརེ་ལི་ཡའི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་འབྱུང་ཆེད་མུ་མཐུད་དུ་བཀའ་མོལ་གནང་རྒྱུ་ཡིན་པ་དང་། སླད་ཕྱིན་རན་མཚམས་ཀྱི་གོ་སྐབས་ཁག་སྤྱད་ནས་རྒྱ་ནག་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ལས་དོན་འགན་འཁྲི་ཁག་སྒྲུབ་དགོས་པའི་འབོད་སྐུལ་མུ་མཐུད་ཞུ་རྒྱུ་ཞེས་བཀོད་འདུག
ཨོསི་ཊརེ་ལི་ཡའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་ཀྱིས་ཡུལ་དེའི་ཕྱི་སྲིད་བློན་ཆེན་(Penny Wong)་ལགས་སུ་ཝང་ཡིས་བདུན་ཕྲག་འདིའི་ནང་ཨོསི་ཊརེ་ལི་ཡའི་(Australia)་ནང་འབྱོར་སྐབས། བོད་ནང་གི་ད་ལྟའི་གནས་སྟངས་སྡུག་པོ་ཡོད་པ་དེ་གལ་ཆེའི་གནད་དོན་དུ་ངོས་འཛིན་གྱིས་གྲོས་བསྡུར་གནང་རྒྱུའི་གོ་སྐབས་ཡག་པོ་ཞིག་ཡིན་པས་བོད་ནང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཐད་གླེང་སློང་གནང་རོགས་ཞེས་ཕྱག་བྲིས་ཤིག་ཕུལ་ཏེ་འབོད་སྐུལ་ཞུས་ཡོད་འདུག
དེ་མཚུངས་འདི་ཚེས་༡༩ཉིན་ཨོསི་ཊརེ་ལི་ཡའི་ཝིག་ཌོ་རི་ཡ་གནས་སུ་བོད་མི་དང་ཧོང་ཀོང་རང་དབང་སྲུང་སྐྱོབ་པ་དང་། རྒྱ་རིགས་མང་གཙོ་དོན་གཉེར་བ་བཅས་མི་རིགས་གསུམ་གྱི་སྡེ་ཁག་ནས་རྒྱ་ནག་གཞུང་གིས་སྡུག་རྩུབ་དྲག་གནོན་འོག་དཀའ་སྡུག་མྱོང་བཞིན་པ་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སྤྲོད་དགོས་པའི་དགོས་འདུན་སྟོན་ཏེ་ཞུ་འབོད་ཀྱི་ལས་འགུལ་སྤེལ་གནང་ཡོད་པ་རེད་འདུག


གསར་འགོད་པ། པདྨ་དངོས་གྲུབ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྲིད་སྐྱོང་མཆོག་གིས་བོད་དང་ས་འབྲེལ་ལ་དྭགས་བྱང་ཐང་རྒོད་ཡུལ་སོགས་སུ་འཚམས་གཟིགས་གནང་བཞིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལ་དྭགས་ས་གནས་སུ་གཞུང་འབྲེལ་འཚམས་གཟིགས་ཉིན་བདུན་པར་རྒྱལ་ས་གླེ་ཁུལ་གྱི་བརྒྱ་ཤོག་ཁག་ཏུ་འཚམས་གཟིགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎