རྟ་དབང་གནས་སྐོར་ཞེས་བའི་གོམ་བགྲོད་ལས་འགུལ་ཐེངས་བཅུ་གཉིས་པ་མཇུག་སྒྲིལ་འདུག

2023.12.01
རྟ་དབང་གནས་སྐོར་ཞེས་བའི་གོམ་བགྲོད་ལས་འགུལ་ཐེངས་བཅུ་གཉིས་པ་མཇུག་སྒྲིལ་འདུག རྟ་དབང་གནས་སྐོར་ཞེས་བའི་གོམ་བགྲོད་ལས་འགུལ་ཐེངས་བཅུ་གཉིས་པ་མཇུག་སྒྲིལ་སྐབས། ༡༡།༣༠།༢༠༢༣
CTA

དེ་ཡང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་(Bharat Tibbat Sahyog Manch)་ཞེས་པའི་གོ་སྒྲིག་འོག་སྤྱི་ཟླ་༡༡པའི་ཚེས་༢༤ཉིན་ཨ་སམ་ནས་དབུ་འཛུགས་ཀྱིས་འབུམ་བདེ་ལ་དང་། སྡེ་རང་། སེ་ལ། ཇ་བན་ཏར་ག བྷེ་ལ་མུ་བརྒྱུད་དེ་མོན་རྟ་དབང་བར་རྒྱ་གར་བྱང་ཤར་ཁུལ་དུ་རྟ་དབང་གནས་སྐོར་ཅེས་པའི་གོམ་མགྲོད་སྐོར་བསྐྱོད་ཀྱི་ལས་འགུལ་ཐེངས་བཅུ་གཉིས་པ་དེ་བཞིན་འདི་ཚེས་༣༠ཉིན་མཇུག་སྒྲིལ་ཡོད་པ་དང་། ཁོང་རྣམ་པ་རྟ་དབང་དུ་འབྱོར་མཚམས་རྟ་དབང་དགོན་པར་གནས་མཇལ་དང་། དེ་ནས་འཕགས་བོད་ས་མཚམས་བར་ཕེབས་ཏེ་རྒྱ་གར་གྱི་རྒྱལ་སྲུང་དམག་མིར་གུས་འདུད་ཞུས་ཡོད་པ་རེད།
ཚེས་༣༠ཉིན་གནས་སྐོར་བ་རྣམས་ཏེཛ་པུར་དུ་ཕེབས་འབྱོར་བྱུང་བ་དང་། ས་གནས་གྲོས་ཚོགས་འཐུས་མི་པྲིཐྦི་རཱཇ་ར་བ་ལགས་གཙོས་པའི་ས་གནས་ཀྱི་གནད་ཡོད་མི་སྣ་ཁག་ནས་ཕེབས་བསུ་སྣེ་ལེན་དང་འབྲེལ་རྟ་དབང་གནས་སྐོར་མཇུག་སྡོམ་མཛད་སྒོ་འཚོགས་འདུག

0-1-13-e1701327410604.jpg
ཐེངས་འདིའི་རྟ་དབང་གནས་སྐོར་དང་འབྲེལ་ཏེ་སྐུ་ཞབས་པན་ཀཇ་གོ་ཡལ་ལགས་ནས་རྟ་དབང་གནས་སྐོར་ཐེངས་བཅུ་གཉིས་པ་དེ་བཞིན་བོད་དོན་དང་། གངས་རི་གངས་པོ་ཆེ། ཡིད་ཀྱི་མཚོ་བཅས་རྒྱ་ནག་གི་བཙན་དབང་འོག་ནས་ཐར་ཐབས་སུ་འབད་བརྩོན་བྱ་རྒྱུའི་ཆོད་སེམས་ཡོད་པ་དང་། ལས་འགུལ་དེ་བརྒྱུད་རྒྱ་ནག་དམར་ཤོག་ཚོགས་པས་བོད་བཙན་བཟུང་བྱས་པ་དང་། རྒྱ་དཀར་ནག་བར་གྱི་གྲོས་མཐུན་ལ་སྐྱོན་བརྗོད་བྱ་རྒྱུ། བོད་དང་བོད་མིར་དཀའ་ངལ་འཕྲད་བཞིན་པ་འཛམ་བུ་གླིང་གིས་དོ་སྣང་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་པ་གསུངས་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག
འདི་ལོའི་རྟ་དབང་གི་གནས་སྐོར་གྱི་ལས་འགུལ་ཐེངས་༡༢པའི་ནང་རྒྱ་གར་ནང་གི་མངའ་སྡེ་མི་འདྲ་བ་ནས་མི་གྲངས་༢༥༠ཙམ་མཉམ་ཞུགས་གནང་ཡོད་འདུག


གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་བ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགོངས་རྫོགས་ལ་མྱ་ངན་དང་ཁོང་གི་མཛད་རྗེས་གླེང་མཁན་མང་པོ་ཡོང་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎