རྒྱ་ནག་གཞུང་གིས་བོད་ནང་ཆོས་དད་རང་དབང་ལ་དམ་དྲག་བྱས་བར་སྐྱོན་བརྗོད།


2019.03.28
བོད་ནང་གི་དགོན་སྡེ་ཁག་ལ་རྒྱ་ནག་གིས་ཏང་གི་སློབ་གསོ་སྤྲོད་བཞིན་པ། ༢༠༡༨ བོད་ནང་གི་དགོན་སྡེ་ཁག་ལ་རྒྱ་ནག་གིས་ཏང་གི་སློབ་གསོ་སྤྲོད་བཞིན་པ། ༢༠༡༨
བོད་འབྱོར།

རྒྱ་ནག་གཞུང་གིས་བོད་ཀྱི་དགེ་འདུན་པ་ཚོར་ཁྲིམས་ཀྱི་སློབ་སྦྱོང་དང་རྒྱུགས་སྤྲོད་བྱེད་དུ་འཇུག་པ་ནི་ཆོས་དད་རང་དབང་ལ་དམ་དྲག་བྱེད་ཡིན་པ་ལས།་རྒྱལ་ཁབ་ཀྱི་ཁྲིམས་ནང་གསལ་བའི་ཐོབ་ཐང་མང་ཆེ་བ་བོད་མིའི་ཐོག་ལག་བསྟར་བྱེད་ཀྱི་མེད་པ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་གསུངས་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས། ཉེ་ཆར་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་ས་ཁོངས་སུ་གྲྭ་བཙུན་ཁྲི་གསུམ་ལ་ཁྲིམས་ལུགས་ཀྱི་གོ་རྟོགས་ཡར་རྒྱས་འགྲོ་ཆེད་དུ། རྒྱ་ནག་གཞུང་གིས་ཁྲིམས་སྒྲིག་གི་སྐོར་ཡིག་ཚད་བཏང་བ་དེ་ནི། བོད་མིའི་ཆོས་དད་རང་དབང་ལ་དམ་དྲག་བྱེད་པའི་རྣམ་པ་ཞིག་ཡིན་པ་ལས། རྒྱ་ནག་གཞུང་གིས་ད་བར་ཁྲིམས་དང་བཅའ་ཁྲིམས་མང་པོ་བཟོས་ཡོད་པ་དེ་དག་དོན་དངོས་སུ་ལག་ལེན་བསྟར་བྱེད་ཀྱི་མེད་པའི་སྐྱོན་བརྗོད་གནང་ཞིང་། ཁོང་གིས་དེ་ལས་ལྡོག་སྟེ་རྒྱ་ནག་གཞུང་གིས། བོད་མིའི་ངོ་བོ་དང་སྐད་ཡིག། རིག་གཞུང་། ཆོས་དད་རང་དབང་སོགས་ལ་དམ་དྲག་གི་ཁྲིམས་ལག་བསྟར་བྱེད་ཀྱི་ཡོད་པ་གསུངས་ཡོད་པ་རེད།
ཡང་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས རྒྱལ་ཁབ་མང་ཆེ་བའི་རྩ་ཁྲིམས་ནང་ཆོས་དད་རང་མོས་ཡོད་པ་དང་། ཆོས་དད་རང་མོས་ནི་ཆོས་བྱེད་རྒྱུ་ལ་རང་དབང་དང་། དེ་ལ་རྒྱལ་ཁབ་ཀྱིས་ཐེ་བྱུས་མི་བྱེད་པའི་གནད་དོན་ཞིག་ཡིན་པ་གསུངས་ཤིང་། འོན་ཀྱང་ཁོང་གིས། བོད་ནང་ཆོས་དད་རང་མོས་མེད་པའི་ཁར། དེ་ཆབ་སྲིད་དང་བསྲེས་ཏེ། ཆོས་ཞེས་ཧ་ལམ་སྦྱང་རྒྱུ་མེད་པ་བཟོས་ཡོད་པ་འགྲེལ་བརྗོད་གནང་པ་དང་སྦྲགས།  མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་ལ་ཕབ་པའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས་དད་པའི་རང་དབང་དང་ཐོབ་ཐང་གི་འབྲུ་དོན་དང་འགལ་འཛོལ་ཡིན་པ་གསུངས་ཡོད་པ་རེད།
རྒྱ་ནག་གཞུང་གིས་བོད་རང་སྐྱོངས་ལྗོངས་ཀྱི་གྲྭ་བཙུན་ཚོར་ཁྲིམས་སྒྲིག་གི་ཡིག་ཚད་བཏང་བཅུག་ཡོད་པ་དེའི་ནང་། རྒྱ་ནག་གི་རྩ་ཁྲིམས་དང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་སྲོལ། འཇིགས་སྐུལ་རིང་ལུགས་དང་རྒྱལ་ཁབ་ཀྱི་གསང་བ་ཕྱིར་ཚོང་འགོག་ཐབས། དྲ་རྒྱའི་བདེ་འཇགས་དང་ཆོས་ལུགས་དང་འབྲེལ་བའི་ཁྲིམས་སྒྲིག་སོགས་གཙོ་བོ་དྲག་གནོན་དང་འབྲེལ་བའི་ཁྲིམས་ཤ་སྟག་ཡིན་ཞིང་།  རྡ་རམ་ས་ལར་ཡོད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས། རྒྱ་ནག་གཞུང་གིས་ཁྲིམས་སྒྲིག་མང་པོ་བཟོས་ཏེ་བོད་ནང་ཆོས་དད་རང་དབང་ལོངས་སུ་སྤྱོད་པའི་ལག་པ་ཆ་ཚང་བསྡམས་ཚར་པ་ཡིན་པ་འགྲེལ་བརྗོད་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གིས་བསྐོ་བཞག་བྱས་པའི་པཎ་ཆེན་བལ་ཡུལ་ནང་ཡོང་རྒྱུ་བལ་ཡུལ་གྱིས་ངོས་ལེན་བྱས་མེད་པ་བལ་ཡུལ་གྱི་གསར་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དགེ་བཤེས་རྭ་ཆུང་དགེ་འདུན་ལགས་བཙོན་འཇུག་གི་དུས་ཡུན་ཚང་སྟེ་གློད་གྲོལ་ཐོབ་ཡོད་ནའང་། ཁོང་བཙོན་གྲོལ་མ་ཐོབ་སྔོན་ཨ་མ་འདས་གྲོངས་སུ་གྱུར་ཏེ་མ་བུ་ཐུག་འཕྲད་ཐུབ་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎