བོད་ཀྱི་རིག་གཞུང་དང་འབྲེལ་བའི་འགྲེམས་སྟོན།
མེཀ་སི་ཀོའི་ནང་བོད་ཀྱི་རིག་གཞུང་དང་འབྲེལ་བའི་འགྲེམས་སྟོན་ཞིག་གོ་སྒྲིག་ཞུས་ཡོད་འདུག
-
2011-11-03 -
-
-
༄༅༎དེ་ཡང་མེཀ་སི་ཀོའི་ནོར་ལྦེ་ལོ་རེ་དྲེ་ཞེས་པའི་གྲོང་ཁྱེར་ནང་ཁ་ས་རེས་གཟའ་ལྷག་པ་ནས་བཟུང་བདུན་ཕྲག་གཅིག་རིང་བོད་ཀྱི་ཆོས་དང་རིག་གཞུང་གི་འགྲེམས་སྟོན་ཞིག་གོ་སྒྲིག་ཞུས་ཡོད་པ་དང་མཛད་སྒོའི་གོང་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་བསྟན་འཛིན་མཐུ་སྟོབས་ལགས་ནས་གྲོང་ཁྱེར་སྤྱི་ཁྱབ་པ་བྷན་ཇ་མིན་ གལ་ལྦན་གོ་མོ་ཛི་མཆོག་དང་མཇལ་འཕྲད་ཞུས་ཡོད་པ་དང་འགྲེམས་སྟོན་དབུ་འབྱེད་བོད་ཁང་འགན་འཛིན་དང་ལྷན་དུ་གནང་ཡོད་འདུག བདུན་ཕྲག་གཅིག་རིང་ཚུགས་རྒྱུའི་འགྲེམས་སྟོན་སྐབས། བོད་བརྒྱུད་ནང་ཆོས་ཀྱི་ལམ་ནས་དཀྱིལ་འཁོར་བཞེངས་རྒྱུ་དང་། དེ་བཞིན་བོད་ཀྱི་གནས་ཚུལ་དང་འབྲེལ་བའི་གློག་བརྙན་གཟིགས་འབུལ་ཞུ་རྒྱུ། ནང་ཆོས་ངོ་སྤྲོད་བྱེད་རྒྱུ་བཅས་ཀྱི་མཛད་རིམ་ཁག་ཅིག་ཡོད་པ་རེད། ཡང་སྐབས་དེར་གྲོང་ཁྱེར་སྤྱི་ཁྱབ་མཆོག་གིས། བོད་ཀྱི་འགྲེམས་སྟོན་འདི་བརྒྱུད་གྲོང་ཁྱེར་ནང་སྤྱི་ཚིགས་ཁྲོད་ནག་ཚོང་དང་། མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་ཡང་སེ་ཡོང་གི་ཡོད་པ་དེ་དག་སེལ་ཐབས་དང་། ལྷག་པར་དུ་ནང་ཆོས་ངོ་སྤྲོད་བྱེད་པ་བརྒྱུད་གཞོན་སྐྱེས་ཚོའི་སེམས་ནང་གཞན་ཕན་གྱི་བསམ་བློ་སླེབས་ཐུབ་ཐབས་དང་། སྤྱི་ཚོགས་ནང་ཞི་བདེའི་ཁོར་ཡུག་སྐྲུན་ཐབས་སུ་ཕན་ཐོགས་ཡོང་བའི་རེ་བ་ཞུ་གི་ཡོད་ཅེས་གསུངས་འདུག
མེག་སི་ཀོའི་ནང་། ཟླ་ཤས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བསྐྱངས་གནང་ཡོད་པ་དང་། ལོ་རེ་བཞིན་གསུངས་ཆོས་དང་། བླང་འདོར་གྱི་བཀའ་སློབ་ཉན་པར་བཅར་མཁན་ཡུལ་དེའི་ནང་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད་ལ་རྒྱུན་གཏན་ནས་ཡུལ་དེའི་ནང་། ནང་པའི་ཆོས་ཚོགས་དང་། བོད་པའི་གསོ་བ་རིག་པའི་སྨན་ཁང་ཡང་མི་ཉུང་བ་ཞིག་ཡོད་པ་རེད།