ཤིན་ཧྭ་གསར་འགྱུར་ལས་ཁང་རྡ་སར་ཡོང་བའི་མགྲོན་བརྡ་བཏང་བ།

བོད་མིའི་གསར་འགོད་མཐུན་ཚོགས་ནས་རྒྱ་ནག་གཞུང་ལ་གསར་འགོད་ རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་དགོས་པའི་འབོད་སྐུལ་གནང་བ།

༄༅༎བཞུགས་སྒར་རྡ་རམ་ས་ལར་བོད་མིའི་གསར་འགོད་མཐུན་ཚོགས་ཀྱི་ཚོགས་མི་ཚོས་

གཟའ་སྤེན་པའི་ཉིན་འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི་ཞུས་པ་དང་བསྟུན་ རྒྱ་ནག་གཞུང་ལ་ཕྱི་ལོ་༢༠༠༨ལོའི་ཨོ་ལིམ་པིཀསི་རྩེད་འགྲན་གྱི་མགྲོན་བདག་ཡུལ་གྲུ་ཡིན་པའི་

ངོ་བོའི་ཐོག་ནས་ཁས་ལེན་བྱས་པའི་གསར་འགོད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་

བརྩི་བཀུར་དགོས་པའི་འབོད་སྐུལ་གནང་འདུག

དེ་བཞིན་བོད་མིའི་གསར་འགོད་མཐུན་ཚོགས་དེས་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་འགྱུར་

ལས་ཁང་གིས་བཙན་བྱོལ་བོད་གཞུང་གི་གནས་བབས་དང་དེའི་སྲིད་དོན་ལངས་ཕྱོགས་ཇི་ཡིན་ དེ་བཞིན་གཞུང་གི་འགྲོ་སྟངས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་གནས་བབས་

སོགས་ཀྱི་ཐད་གནས་ཚུལ་འགོད་ཐབས་སླད་ བཙན་བྱོལ་བོད་གཞུང་གི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལར་ཡོང་རྒྱུའི་མགྲོན་བརྡའི་འཕྲིན་

ཡིག་ཅིག་ཀྱང་བཏང་ཡོད་འདུག་ལ་ བོད་མིའི་གསར་འགོད་མཐུན་ཚོགས་ཀྱི་ཚོགས་གཙོ་བློ་བཟང་དབང་རྒྱལ་ལགས་ཀྱི་མིང་ཐོག་ནས་

བཏང་པའི་མགྲོན་བརྡའི་ཡི་གེ་དེ་བཞིན་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་སུ་གཏང་

རྒྱུ་ཡིན་འདུག ཡི་གེ་དེའི་ནང་བོད་ནང་གི་དངོས་ཡོད་གནས་སྟངས་ཤེས་རྟོགས་ཡོང་སླད་དང་

གནས་ཚུལ་བཀོད་སྤེལ་ཆེད་གསར་འགོད་མཐུན་ཚོགས་དེའི་བོད་པའི་གསར་འགོད་པ་བོད་དུ་

འགྲོ་བསྐྱོད་ཆོག་རྒྱུར་རྒྱ་ནག་གཞུང་ནས་ཆོག་མཆན་གནང་དགོས་ལུགས་བརྗོད་ཡོད་པ་མ་ཟད་ ཨོ་ལིམ་པིཀསི་གྱི་རྩེད་འགྲན་སྐབས་ཀྱང་བོད་པའི་གསར་འགོད་པ་གནས་ཚུལ་བཀོད་སྤེལ་སླད་

འགྲོ་འདོད་ཡོད་ལུགས་ཀྱང་འཁོད་ཡོད་འདུག

འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་ཞེས་པ་དེ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་

ཚོགས་ཆེན་ཐོག་ནས་ཕྱི་ལོ་༡༩༩༣ལོར་གཏན་འབེབས་གནང་བ་ཞིག་ཡིན་པ་དང་ལོ་ལྟར་ཕྱི་ཟླ་

ལྔ་པའི་ཚེས་ ༣ ཉིན་སྲུང་བརྩི་ཞུ་གི་ཡོད་པ་རེད་ བོད་མིའི་གསར་འགོད་མཐུན་ཚོགས་འདི་ནི་

ཕྱི་ལོ་ ༡༩༩༧ ལོར་བཙུགས་ཏེ་ དེའི་ནང་ཚོགས་མི་བཞི་ཅུ་ཙམ་ཡོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org