ཐེ་ཝན་གྱི་མེ་འཁོར་བརྡབ་སྐྱོན་བྱུང་ཡུལ་དུ་བོད་པའི་དགེ་འདུན་པ་ཁག་ཅིག་གིས་སྨོན་ལམ་གསུང་འདོན་གནང་བར་ཐེ་ཝན་སྲིད་འཛིན་དང་Hua lienརྫོང་གི་རྫོང་དཔོན་བཅས་ནས་ཐུགས་རྗེ་ཆེ་གསུངས་འདུག

2021.04.03
ཐེ་ཝན་གྱི་མེ་འཁོར་བརྡབ་སྐྱོན་བྱུང་ཡུལ་དུ་བོད་པའི་དགེ་འདུན་པ་ཁག་ཅིག་གིས་སྨོན་ལམ་གསུང་འདོན་གནང་བར་ཐེ་ཝན་སྲིད་འཛིན་དང་Hua lienརྫོང་གི་རྫོང་དཔོན་བཅས་ནས་ཐུགས་རྗེ་ཆེ་གསུངས་འདུག ཐེ་ཝན་གྱི་མེ་འཁོར་བརྡབ་སྐྱོན་བྱུང་ཡུལ་དུ་བོད་པའི་དགེ་འདུན་པ་ཁག་ཅིག་གིས་སྨོན་ལམ་གསུང་འདོན་གནང་བར་ཐེ་ཝན་སྲིད་འཛིན་དང་Hua lienརྫོང་གི་རྫོང་དཔོན་བཅས་ནས་ཐུགས་རྗེ་ཆེ་གསུང་འདུག
མཁན་པོ་འཇིགས་མེད་རྣམ་རྒྱལ།

གནས་ཚུལ་དེ་བྱུང་མ་ཐག་ཐེ་ཝན་རྒྱལ་སྤྱིའི་བོད་རྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་སྣེ་ཁྲིད་དེ་བོད་པའི་དགེ་འདུན་པ་ཚོ་གོད་ཆགས་བྱུང་ཡུལ་དུ་ཆེད་ཕེབས་ཀྱིས་སྨོན་ལམ་གསུང་འདུག་ལ། ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚེ་ཡཱིན་ཝིན་མཆོག་དང་ཧྭ་ལཱིན་Hua-lienརྫོང་གི་རྫོང་དཔོན་བཅས་ནས་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་ཐེ་ཝན་རྒྱལ་སྤྱིའི་བོད་རྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི  ཚོགས་གཙོ་མཁན་པོ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་གི་བཅར་འདྲིའི་སྐབས་གསུང་ཡོད།

འདས་བའི་དུས་སུའང་ཐེ་ཝན་ནང་གོད་ཆགས་རིགས་བྱུང་སྐབས་ཚོགས་པ་འདིས་སྣེ་ཁྲིད་དེ་བོད་པའི་དགེ་འདུན་པ་ཚོས་སྨོན་ལམ་གསུང་བ་སོཊ་གདུང་སེམས་མཉམ་སྐྱེའི་ཐོག་མཉམ་ཞུགས་གནང་ཡོད་པ་བཞིན། ད་ཐེངས་ཀྱི་མེ་འཁོར་བརྡབ་སྐྱོན་གྱི་གནས་ཚུལ་དེ་བྱུང་མ་ཐག་འཕྲལ་དུ་ས་གནས་ས་ཐོག་ཏུ་ཆེད་ཕེབས་གནང་རྒྱུའི་གྲ་སྒྲིག་དང་དེ་རིང་ཞོགས་པ་ཆུ་ཚོད་དྲུག་དང་ཕྱེད་ཀ་ཙམ་ལ་ཕེབས་ཐོན་གནང་སྟེ་ཁོང་རྣམ་པས་གོད་ཆགས་བྱུང་ཡུལ་དུ་སྨོན་ལམ་གསུང་ཡོད་འདུག

ས་གནས་སུ་ཐེ་ཝན་གྱི་དགོན་པ་སོཊ་ཆོས་སྡེ་ཁག་ནས་བསྔོ་བ་སྨོན་ལམ་གྱི་བྱེད་སྒོའི་ཁྲོད་དུ་བོད་པའི་དགེ་འདུན་པ་རྣམས་བང་རིམ་གསུམ་པར་བཞག་སྟེ་ཆེ་མཐོང་ཕུལ་ཡོད་པའི་སྐོར་ཡང་མཁན་པོ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་མཚམས་སྦྱོར་གནང་གི་འདུག

གཟའ་པ་སངས་སྟེ་གཟའ་མཇུག་གུང་གསེང་དུས་སྐབས་སུ་འགྲུལ་བསྐྱོད་པ་༥༠༠ཙམ་ཡོད་པའི་མེ་འཁོར་དེ་ཐེ་ཝན་ཤར་རྒྱུད་ཧྭ་ལཱིན་ ༼Hualien༽ གྲོང་ཁྱེར་ཕྱོགས་སུ་བསྐྱོད་སྐབས་  ལྕགས་ལམ་དོ་དམ་ལས་དོན་པའི་རླངས་འཁོར་ཞིག་མར་འདྲེད་ནས་ལྕགས་ལམ་སྟེང་ལྷུང་སྟེ་མེ་འཁོར་གདོང་ཐུག་བྱུང་བ་ཡིན་འདུག

༢༠༡༨ལོར་ཡང་ཐེ་ཝན་ཤར་རྒྱུད་ཀྱི་ལྕགས་ལམ་འདིའི་ཐོག་མེ་འཁོར་དོན་རྐྱེན་ཞིག་བྱུང་ནས་མི་གྲངས་༡༨རྐྱེན་འདས་ཕྱིན་ཡོད་པ་དང་། ད་ཐེངས་ཀྱི་མེ་འཁོར་དོན་རྐྱེན་འདི་ནི་༡༩༩༡ལོར་མེ་འཁོར་དོན་རྐྱེན་བྱུང་ནས་མི་༣༠རྐྱེན་འདས་ཕྱིན་པའི་རྗེས་ཀྱི་ཆེས་སྡུག་ཤོས་དེ་ཆགས་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྤྱི་ནོར་༧གོང་ས་མཆོག་འདི་ཚེས་༢༢ཉིན་ཕྱིར་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་མཛད་ཀྱི་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཧྥེ་ལིབ་པིན་གཞུང་གིས་རྒྱ་ནག་གི་གསང་མྱུལ་བ་ལྔ་འཛིན་བཟུང་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎