བོད་མདོ་སྨད་རྨ་ཆུ་རྫོང་དུ་བོད་མི་དཔལ་ལྡན་འཛིན་བཟུང།

བོད་མདོ་སྨད་ཀན་ལྷོ་ཁུལ་རྨ་ཆུ་རྫོང་ཁུལ་གྱི་འབྲོག་པའི་གཞོན་སྐྱེས་ཤིག་འཛིན་བཟུང་དོ་དམ་བྱས་ཡོད་པའི་གནས་ཚུལ་འདུག

2012.06.21

༄༅༎བོད་མདོ་སྨད་ཀན་ལྷོ་ཁུལ་རྨ་ཆུ་རྫོང་ཁུལ་གྱི་འབྲོག་པའི་གཞོན་སྐྱེས་ཤིག་འཛིན་བཟུང་དོ་དམ་བྱས་ཡོད་པའི་གནས་ཚུལ་འདུག

འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་མཁོ་སྤྲོད་བྱུང་བར་ལྟར་ན། ཕྱི་ཟླ་དྲུག་པའི་ཚེས་བཅོ་བརྒྱད་ཉིན་མདོ་སྨད་ཀན་ལྷོ་ཁུལ་དབལ་བན་ཡུལ་འཚོའི་རོང་སྐོར་སྡེ་བའི་འབྲོག་པ་གཞོན་ནུ་དཔལ་ལྡན་ཟེར་བ་ཞིག་ཇ་ཁང་ཞིག་ཏུ་ཡོད་པའི་སྐབས་བདེ་འཇགས་རུ་ཁག་དང་། སྤྱི་བདེ་ཅུས་གཉིས་ཀྱི་མོ་ཌ་ཆུང་བ་བཞི་ལྔ་ཞིག་ཡོང་ནས་ཁོང་འཛིན་བཟུང་བྱས་ཡོད་འདུག དེ་ནས་ཚེས་ཉི་ཤུ་ཉིན་ཡུལ་མི་ཁག་ཅིག་རྫོང་གི་ལས་ཁུངས་སུ་ཕྱིན་པའི་ནང་ནས་མི་ལྔ་ལས་ཁུངས་སུ་ཡོང་དགོས་ལུགས་བཤད་པ་དང་། ད་རེས་དཔལ་ལྡན་འཛིན་བཟུང་བྱེད་དགོས་དོན་ནི་ཁོ་པ་ཕྱི་ལོ་ ༢༠༠༨ ལོར་དབལ་བན་ཡུལ་འཚོའི་ནང་སྐྱ་སེར་མི་མང་ཚོས་ཉིན་གསུམ་ཙམ་རིང་ངོ་རྒོལ་བྱེད་་པའི་སྐབས་འགོ་འཁྲིད་མཁན་གཙོ་བོ་ཡིན་པ་ཤེས་རྟོག་བྱུང་བས་འཛིན་བཟུང་བྱས་པ་རེད་ཅེས་བཤད་འདུག ཁོ་པར་ཟླ་བ་གཅིག་ཙམ་འདྲི་རྩད་བྱས་རྗེས་ཁོ་པ་ཕྱིར་ལོག་གཏོང་གི་རེད། ཁྱེད་ཚོ་ནང་ལ་ལོགས་རྒྱུགས་ཟེ་འགྲེལ་བཤད་རྒྱབ་ཡོད་པ་ལས་གཞོན་སྐྱེས་འཛིན་བཟུང་བྱས་པ་དཔལ་ལྡན་གར་ཡོད་ད་ལྟའི་ཆར་ཤེས་རྟོག་རྩ་བ་ནས་མེད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་བོད་གངས་ཅན་ལྗོངས་ཀྱི་ལོ་རྒྱུས་ཐོག་རྡོ་ལ་རི་མོ་བརྐོས་པ་བཞིན་གནས་པའི་བླ་སྲོག་ཅིག་ཡིན་ཞེས་པའི་རྩོམ་ཡིག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཡིས་དིང་རི་སླར་གསོ་བསྐྱར་སྐྲུན་དང་མཉམ་མཐའ་མཚམས་བརྟན་ལྷིང་གླེང་བར་གནད་དོན་དབྱེ་ཞིབ་པས་རྒྱ་ནག་གཞུང་གིས་གནོད་ཐེབས་ས་ཁུལ་གྱི་བསྐྱར་གསོའི་ལས་དོན་ཆབ་སྲིད་ལ་སྦྱར་བར་སྐྱོན་བརྗོད་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎