དོན་རྒྱལ་ལགས་བཙོན་ཁང་ནང་སྐུ་གཟུགས་ཀྱི་གནས་སྟངས་ཛ་དྲག་ཆགས་ཡོད་འདུག

2021.12.16
Share on WhatsApp
Share on WhatsApp
དོན་རྒྱལ་ལགས་བཙོན་ཁང་ནང་སྐུ་གཟུགས་ཀྱི་གནས་སྟངས་ཛ་དྲག་ཆགས་ཡོད་འདུག དོན་རྒྱལ་ལགས། ༼ཟླ་ཚེས་མི་གསལ
TCHRD

དེ་སྔ་ཕྱི་ལོ་༢༠༡༨་ལོར་འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་གྱི་སེབ་ཁྲ་ཟེར་བའི་གནས་རིར། རྒྱ་ནག་གཞུང་གིས་ལམ་ཁ་བཟོ་རྒྱུར་ཁ་གཡར་ཏེ་གཏེར་ཁ་སྔོག་འདོན་བྱས་སྐབས་ས་གནས་ཡུལ་མི་རྣམས་ཀྱིས་ངོ་རྒོལ་དང་བཀག་འགོག་བྱས་ཡོད་པ་དང་། སྐབས་དེར་རྒྱ་ནག་གི་ཉེན་རྟོག་པས་ཞི་རྒོལ་གནང་མཁན་བོད་མི་མི་ཉུང་བ་འཛིན་བཟུང་བཀག་ཉར་བྱས་ཡོད་པ་རེད། དགུང་ལོ་༥༠་ཡིན་པའི་དོན་རྒྱལ་ལགས་ཀྱིས་དེའི་སྐོར་གྱི་གནས་ཚུལ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ཡོད་ཀྱང་། ད་ཆ་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཁོང་འབྲི་རུ་རྫོང་གི་བཙོན་ཁང་ནང་བཙོན་འཇུག་བྱས་བསྡད་ཡོད་པ་དང་། བཙོན་ཁང་ནང་ཉེས་རྡུང་དྲག་པོ་བཏང་རྐྱེན་སྐུ་གཟུགས་ཀྱི་གནས་སྟངས་ཛ་དྲག་ངང་གནས་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་གསར་འགྱུར་ཚན་པས་གནས་ཚུལ་སྤེལ་འདུག
དོན་རྒྱལ་ལགས་ནི། ཤག་ཆུ་གྲོང་རྡལ་བྲག་ར་གྲོང་ཚོ་ནས་ཡིན་པ་དང་། དེ་སྔ་འཛིན་བཟུང་མ་བྱས་གོང་འབྲི་རུ་རྫོང་དུ་ཚོང་གཉེར་གནང་བཞིན་པའི་ཐོག་ཁོར་ཡུག་སྲུང་སྐྱོབ་ལས་དོན་ཐེངས་མང་སྤེལ་མྱོང་བ་མ་ཟད། ས་གནས་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་གཟེངས་རྟགས་ཀྱང་ཐོབ་མྱོང་ཡོད་འདུག

གསར་འགོད་པ། ཀརྨ་རྒྱ་མཚོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་བྱ་སྤྱོད་ལ་ཡིད་གཟབ་གནང་དགོས་བ་ཉི་ཧོང་དུ་གསུངས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎