ལྷོ་ཕྱོགས་ཀྱི་ཁྲིམས་ཞིབ་པ་གསར་པ་བསྟན་འཛིན་ཡོན་ཏན་ལགས་ཀྱིས་ལས་ཁུར་དམ་འབུལ་ཞུས་སོང་།

2022.01.03
Share on WhatsApp
Share on WhatsApp
ལྷོ་ཕྱོགས་ཀྱི་ཁྲིམས་ཞིབ་པ་གསར་པ་བསྟན་འཛིན་ཡོན་ཏན་ལགས་ཀྱིས་ལས་ཁུར་དམ་འབུལ་ཞུས་སོང་། ལྷོ་ཕྱོགས་ཀྱི་ཁྲིམས་པ་གསར་པ་བསྟན་འཛིན་ཡོན་ཏན་ལགས་ཀྱིས་ལས་ཁུར་དམ་འབུལ་ཞུས་བའི་སྐབས། ༡།༣།༢༢
RFA/Dhasa

ཕྱི་ཟླ་ ༡ ཚེས་༣་ཉིན་བཞུགས་སྒར་གངས་སྐྱིད་དུ་བསྟན་འཛིན་ཡོན་ཏན་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀརྨ་དགྲ་འདུལ་ལགས་ཀྱི་མདུན་ནས། རྒྱ་གར་ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་པའི་ལས་ཁུར་དམ་འབུལ་ཞུས་གནང་ཞིང་། དེ་རྗེས་བསྟན་འཛིན་ཡོན་ཏན་ལགས་ཀྱིས་གསར་འགོད་པ་ཚོར། ཁྲིམས་ཀྱི་དབང་བསྒྱུར་གཙོ་བཟུང་གིས་བོད་མིའི་སྤྱི་ཚོགས་ཁྲོད་ཁྲིམས་ཀྱི་གོ་རྟོགས་གང་མང་སྤེལ་རྒྱུ་ཡིན་པ་འགྲེལ་བརྗོད་གནང་གི་འདུག
དྭགས་པོ་བསོད་ནམས་ནོར་བུ་ལགས་ཁྲིམས་ཞིབ་པ་ཆེ་བའི་ལས་འཁུར་ནས་འགྲེས་ཡོལ་དུ་ཕེབས་ཟིན་སྟབས། ཁྲིམས་ཞིབ་པ་གཞན་ཀརྨ་དགྲ་འདུལ་ལགས་ཀྱིས་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་གནང་བཞིན་ཡོད་པ་རེད།
ས་གནས་ཁྲིམས་ཞིབ་པ་གསར་པ་དྲུང་ལས་བསྟན་འཛིན་ཡོན་ཏན་ལགས་ནི་ཁྲིམས་ཀྱི་སློབ་སྦྱོང་གནང་མྱོང་མཁན་ཞིག་ཡིན་པ་དང་། ཁོང་གིས། སོ་སོའི་ཆེད་ལས་སློབ་སྦྱོང་དང་འབྲེལ་བ་ཡོད་པའི་ལས་ཀ་ཞིག་བྱུང་ན། ལས་དོན་སྤུས་ཚད་བཟང་བ་དང་ཚགས་ཚུད་ཡར་རྒྱས་གཏོང་ཐུབ་ཀྱིས་ཡོད་པས། འདི་ཐད་འབད་བརྩོན་གང་ནུས་གནང་རྒྱུ་ཡིན་པ་གསུངས་ཡོད་པ་རེད།

tenzin yonten.jpg
ཁོང་ནི་དགུང་ལོ་༣༡་ཡིན་ཞིང་། སྤྱི་ལོ་༢༠༠༤་ལོར་བོད་ནས་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས་རྗེས། བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་ནས་སློབ་མཐར་ཕྱིན་པ་དང་། རྒྱ་གར་ལྷོ་ཕྱོགས་མཧེ་སོར་གྲོང་ཁྱེར་དུ་མི་ལོ་༥་རིང་ཁྲིམས་ཀྱི་སློབ་གཉེར་གནང་འདུག
༢༠༢༡་ལོར་རྒྱ་གར་བྱང་ཕྱོགས་སྡེཧེ་ར་སྡུན་དུ་ཁྲིམས་ཀྱི་ཐོག་ལ་གཙུག་ལག་རབ་འབྱམས་པ་(LLM)་ཡི་ལག་འཁྱེར་བླངས་ཡོད་པ་རེད།
ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་ནི། སྤྱི་ལོ་ ༢༠༠༣་ཟླ་ ༥་ཚེས་༡༡་ཉིན་སྦེལ་ཀོབ་ལུགས་བསམ་གཞིས་ཆགས་སུ་ཟུར་འཛུགས་གནང་ཤིང་། ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྱབ་ཁོངས་སུ་ཀར་ན་ཀྲ་ཀ་དང༌། ཏན་མེལ་ན་རྡུ། གོ་ཝ། མ་ཧ་ར་ཤི་ཀྲ། ཨོ་ལྡི་ཤ ཆ་ཏི་སི་སྒར་སོགས་མངའ་ཁུལ་གྱི་བོད་མིའི་ས་གནས་འགོ་འཛིན་༩་ཡི་ཁྱབ་ཁོངས་ཀྱི་བོད་མིའི་སྤྱི་སྒེར་ཡོངས་ཀྱི་ཞུ་གཏུགས་བྱ་ཡུལ་གྱི་ཁྲིམས་ཁང་དེ་ཡིན་ཞིང་། དེའི་འོས་འགན་གཙོ་བོ་ནི། ལྷ་སྤྱི་ཁྱབ་ཁོངས་ཀྱི་ས་གནས་བོད་མིའི་ལས་ཁུངས་དང་། ལས་བྱེད་པའི་ལས་དོན་བྱེད་ཕྱོགས་དང་། དྲང་བདེན་བྱུང་མིན་ལ་བརྟེན་པའི་རྩོད་གླེང་། ས་ཁང་སྐོར་གྱི་རྩོད་གླེང་སོགས་ལ་ཚུལ་མཐུན་གྱི་ཁྲིམས་ཞིབ་ཐག་གཅོད་བྱ་རྒྱུ་དེ་ཡིན་འདུག
དེ་དང་ཕྱོགས་མཚུངས་རྒྱ་གར་བྱང་ཕྱོགས་སྡེ་ར་རྡུན་བདེ་སྐྱིད་གླེང་དང་ལ་དྭགས་ལྕོག་ལམ་སར་བསོད་ནམས་གླིང་གཞིས་ཆགས་བཅས་སོ་སོའི་ནང་ས་གནས་བོད་མིའི་ཁྲིམས་ཞིབ་ཁང དེ་སྔ་ཟུར་འཛུགས་གནང་ཡོད་པ་རེད།

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
པེ་ཅིན་སོགས་རྒྱ་ནག་གི་གྲོང་ཁྱེར་ཁག་ཅིག་ནང་གཞུང་གི་བཀག་སྡོམ་སྲིད་ཇུས་དང་ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་བཞིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ཀྱི་གསོ་བ་རིག་པ་དམིགས་བསལ་བ་ཞིག་ཆགས་ཀྱི་ཡོད་སྟབས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་རྒྱུ་གལ་ཆེན་པོ་ཆགས་ཡོད་པ། ༧གོང་ས་མཆོག་གིས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎