རྒྱ་གར་བས་བོད་མིའི་ཁྲོམ་ར་གཏོར་ནས་གཅར་རྡུང་བྱས་འདུག


2016-10-20
Share
རྒྱ་གར་བ་ཁག་གཅིག་གིས་ཧ་རི་ཡ་ན་མངའ་སྡེ་ནང་གི་བོད་མིའི་འཕྲལ་སེལ་ཁྲོམ་ར་གཏོར་བཞིན་པ། ༢༠༡༦།༡༠།༡༨ རྒྱ་གར་བ་ཁག་གཅིག་གིས་ཧ་རི་ཡ་ན་མངའ་སྡེ་ནང་གི་བོད་མིའི་འཕྲལ་སེལ་ཁྲོམ་ར་གཏོར་བཞིན་པ། ༢༠༡༦།༡༠།༡༨
སྤྱི་ཚོགས་དྲ་བ།

རྒྱ་གར་བ་ཁག་གཅིག་གིས་ཧ་རི་ཡ་ན་མངའ་སྡེ་ནང་གི་བོད་མིའི་འཕྲལ་སེལ་ཁྲོམ་ར་གཏོར་ནས་བོད་མིར་གཅར་རྡུང་བྱས་འདུག
ཕྱི་ཟླ་བཅུ་པའི་ཚེས་༡༨་ཉིན་རྒྱ་གར་གྱི་ཧ་རི་ཡ་ན་མངའ་སྡེའི་ས་གནས་bahadurgarh་ནང་དུ་སུད་ཚོང་རྒྱག་མཁན་བོད་མིའི་འཕྲལ་སེལ་གྱི་ཁྲོམ་ར་རྒྱ་གར་བ་ཡུལ་མིས་གཏོར་སྐྱོན་བཏང་བ་དང་བོད་མིར་ཉེས་རྡུང་བཏང་འདུག
དེ་ཡང་གནས་ཚུལ་ལྟར་ན། བོད་མིའི་ཁྲོམ་ས་དེར་རྒྱ་གར་དབུས་གཞུང་དང་ས་གནས་རྫོང་ནས་ཆོག་མཆན་ཐོབ་ཡོད་ཀྱང་ཐོག་མར་རྒྱ་གར་ས་གནས་ཡུལ་མིའི་ངོས་ནས་བོད་མིའི་ཁྲོམ་སའི་འགྲམ་དུ་ངོ་རྒོལ་བྱས་ཡོད་པ་དང་། དེ་རྗེས་དགུན་དུས་ཚོང་རྒྱག་ཡུལ་གྱི་འཕྲལ་སེལ་བོད་མིའི་ཁྲོམ་ར་གཏོར་བཤིག་བཏང་ཡོད་པར་བརྟེན། ས་གནས་ཉེན་རྟོག་པས་དོན་རྐྱེན་དེ་དང་འབྲེལ་བ་ཡོད་པའི་རྒྱ་གར་བ་ཁག་ཅིག་འཛིན་བཟུང་བྱས་ཡོད་འདུག
ད་དུང་ས་གནས་ཉེན་རྟོག་དཔོན་རིགས་ཤིག་གིས་གསར་འགོིད་པར། གནད་དོན་དེ་མི་མཉམ་རུབ་ཀྱིས་ཟིང་ཆ་བསླངས་ཏེ་མི་གཞན་ལ་གནོད་འཚེ་བཏང་བ་དང་། ཅ་དངོས་གཏོར་སྐྱོན་བཏང་བའི་ཉེས་མིང་གི་ཐོག་ནས་འདྲི་རྩད་ཞིབ་བཤེར་བྱེད་བཞིན་ཡོད་སྐོར་གསུངས་འདུག

གསར་འགོད་པ་ཉི་མ་གཡུ་སྒྲོན།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།