འཛམ་གླིང་གནམ་གཤིས་འགྱུར་ལྡོག་གི་ཚོགས་འདུར་མཉམ་ཞུགས།

བོད་ཀྱི་བེུད་ལྷན་ཚོགས་ཀྱི་སྐུ་ཚབ་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་གི་ཚོགས་འདུར་ལྷོ་ཨཕ་རི་ཀར་མཉམ་ཞུགས་གནང་བཞིན་ཡོད་འདུག

2011-12-06
Share

༄༅༎བོད་ཀྱི་བེུད་ལྷན་ཚོགས་ཀྱི་སྐུ་ཚབ་ ལྷོ་ཨཕ་རི་ཀའི་དཔལ་འབྱོར་ལྟེ་གནས་ཀྱི་གྲོང་ཁྱེར་ཌར་བན་དུ་ཚུགས་བཞིན་པའི་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་གི་ཚོགས་འདུར་མཉམ་ཞུགས་གནང་བཞིན་ཡོད་འདུག།
རྒྱ་ནག་གིས་ཌར་བན་འཛམ་གླིང་གནམ་གཤིས་འགྱུར་ལྡོག་གི་ཚོགས་འདུ་དེ་ཆེད་མངགས་དཀྲུག་ཐབས་བྱེད་བཞིན་པར་འཛམ་གླིང་གི་དབུ་ཁྲིད་ཚོས་སྐྱོན་འཛུགས་གནང་ཡོད་པ་དང་ བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཟུང་འབྲེལ་དྲུང་ཆེ་བསྟན་འཛིན་སྒྲོལ་མ་ལགས་དང་ ཁོར་ཡུག་དང་འཕེལ་རྒྱས་ལས་དོན་ཚན་པའི་འགན་འཛིན་བསྟན་འཛིན་འོས་འབུམ་ལགས་རྣམ་གཉིས་ནས་ འཛམ་གླིང་གནས་གཤིས་འགྱུར་ལྡོག་གི་ཚོགས་འདུ་དེའི་ཐོག་ བོད་ནང་གི་གནམ་གཤིས་འགྱུར་ལྡོག་དང་ བོད་མཐོ་སྒང་གི་ཁོར་ཡུག་ཉམ་ཆགས་འགྲོ་བཞིན་པའི་གནད་དོན་སྐོར་སོགས་འགྲེལ་བརྗོད་རྒྱ་ཆེ་གནང་འདུག།
དེང་སྐབས་ལྷོ་ཨཕ་རི་ཀའི་གྲོང་ཁྱེར་ཌར་བན་ནང་ཚུགས་བཞིན་པའི་འཛམ་གླིང་གནམ་གཤིས་འགྱུར་ལྡོག་ཐད་ཀྱི་ཚོགས་འདུ་དེའི་ཐོག་ མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་དང་ གཞན་ཡང་འཛམ་གླིང་ཡུལ་གྲུ་ཁག་གི་ཁོར་ཡུག་ཚན་པའི་དབུ་འཁྲིད་ གཞུང་འབྲེལ་མིན་པའི་ཚོགས་སྡེ་དང་ ཁོར་ཡུག་ལས་འགུལ་བ་སོགས་ཆེས་མང་འདུས་པའི་གནམ་གཤིས་འགྱུར་ལྡོག་ཐད་ཀྱི་ཚོགས་འདུ་ཆེ་ཤོས་ཤིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་ཅིང་ བོད་ཀྱི་བེུད་ལྷན་ཚོགས་ཀྱི་སྐུ་ཚབ་རྣམ་གཉིས་ནས་རྒྱ་ནག་གཞུང་གིས་འཁྱོག་བཤད་བྱས་པ་ལས་ལྡོག་སྟེ་ བོད་ནང་གི་ཁོར་ཡུག་གི་དངོས་ཡོད་གནས་བབ་འགྲེལ་བརྗོད་དྲིལ་བསྒྲགས་གནང་པར་མི་ཚོས་དོ་སྣང་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་པ་བེུད་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་བཏོན་འདུག་པ་དེའི་ནང་འཁོད་འདུག།
བེུད་ཀྱི་ལྷན་ཚོགས་ཀྱི་སྐུ་ཚབ་ཀྱི་ངོས་ནས་བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་བྱེད་ཕྱོགས་ཀྱི་བསམ་ཚུལ་དོན་ཚན་དྲུག་ཅན་ཞིག་ཀྱང་བཏོན་གནང་འདུག་པ་དེའི་ནང་ བོད་ས་མཐོའི་ཁོར་ཡུག་གི་གནས་བབ་ལ་ཉམ་ཆགས་གཏོང་སྲིད་པའི་ལས་འགུལ་ཡོངས་རྫོགས་མཚམས་འཇོག་དགོས་རྒྱུ་དང་ དེའི་ཁོངས་སུ་བོད་ནས་རྒྱུགས་པའི་གཙང་ཆུ་ཁ་བསྒྱུར་དང་ཆུ་རག་རྒྱག་རྒྱུ་སོགས་ཀྱི་གནད་དོན་ཁག་ཚུད་ཡོད་ལ་ དེ་བཞིན་བོད་ཀྱི་འབྲོག་པ་ཚོ་བཙན་ཤེད་ཀྱི་ཐོག་ནས་གནས་སྤོ་བྱེད་དུ་འཇུག་པ་དང་ ལྷག་པར་དུ་བོད་ཀྱི་ས་ཐོག་ནས་རྒྱུགས་པའི་ཆུ་དང་དེ་མིན་བོད་མི་ཙམ་མིན་པར་ བོད་ཀྱི་ས་མཚམས་གྲོལ་སྟེ་མི་ཐེར་འབུམ་འགའ་ཤས་ཀྱི་འཚོ་བའི་བརྟེན་གཞི་དང་འབྲེལ་བ་ཡོད་པའི་ཐོན་སྐྱེད་བདག་གཅེས་དང་ཐག་གཅོད་བྱེད་པའི་ལས་དོན་གྱི་ནང་བོད་ཀྱི་འབྲོག་པ་ཚོ་གཙོས་པའི་ དེ་མིན་ཡུལ་གྲུ་ཁག་གི་སྐུ་ཚབ་མཉམ་འདུས་དགོས་རྒྱུ་སོགས ཀྱི་བསམ་ཚུལ་ཡིག་ངག་གཉིས་ཐོག་ནས་གནང་ཡོད་པ་རེད།
བོད་ཀྱི་བེུད་ལྷན་ཚོགས་ཀྱི་སྐུ་ཚབ་རྣམས་ནས་འཛམ་གླིང་གནས་གཤིས་འགྱུར་ལྡོག་གི་ཚོགས་འདུ་དེའི་ཐོག་འཛམ་གླིང་ཡུལ་གྲུ་ཁག་གི་སྐུ་ཚབ་རྣམ་པར་བོད་ཀྱི་གནད་དོན་ཞུ་གཏུགས་དང་ ཡུལ་གྲུ་དེ་དག་གིས་རྒྱ་ནག་གཞུང་དང་གྲོས་མོལ་གནང་སྐབས་བོད་ཀྱི་གནད་དོན་གྲོས་གཞིའི་ནང་འཇོག་གནང་དགོས་པ་སོགས་ཀྱི་འབོད་སྐུལ་ཞུ་རྒྱུའི་ལས་འགུལ་ཡང་སྤེལ་བཞིན་ཡོད་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།