བོད་ཀྱི་གཞོན་ནུ་ཚོགས་པ་དབུ་བརྙེས་ནས་མི་ལོ་ཞེ་བདུན་འཁོར་བ།


2016-10-07
Share
བོད་ཀྱི་གཞོན་ནུ་ཚོགས་པ་དབུ་བརྙེས་ནས་མི་ལོ་ཞེ་བདུན་འཁོར་བར་ལག་རྩེད་སྤོ་ལོ་འགྲན་བསྡུར། ༢༠༡༦།༡༠།༧ བོད་ཀྱི་གཞོན་ནུ་ཚོགས་པ་དབུ་བརྙེས་ནས་མི་ལོ་ཞེ་བདུན་འཁོར་བར་ལག་རྩེད་སྤོ་ལོ་འགྲན་བསྡུར། ༢༠༡༦།༡༠།༧
འཇིགས་མེད་སྙན་གྲགས།/RFA

བཙན་བྱོལ་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་མི་ལོ་ཞེ་བདུན་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ཡོད་འདུག
དེ་ཡང་ཕྱི་ཟླ་བཅུ་པའི་ཚེས་༧་ཉིན་ནི་བཙན་བྱོལ་ནང་དེ་སྔ་ཕྱི་ལོ་༡༩༧༠་ཐམ་པའི་ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་བའི་དུས་ཆེན་ཡིན་པ་དང་། དེ་རིང་ཚེས་༧་ཉིན་བཞུགས་སྒར་རྡ་རམ་ས་ལར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དུས་ཆེན་སྲུང་བརྩི་ཞུ་བའི་མཛད་སྒོའི་སྐུ་མགྲོན་དུ་ནང་སྲིད་ཟུང་དྲུང་ཆེ་ངག་དབང་ཡོན་ཏན་ལགས་ཀྱི་གཙོས་འབྲེལ་ཡོད་ཁག་ཅིག་མཉམ་ཞུགས་གནང་འདུག་ལ་མཛད་སྒོའི་ཐོག་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས། བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་པའི་བརྒྱུད་རིམ་དང་འདས་པའི་ལོ་ངོ་བཞི་བཅུ་ཞེ་བདུན་ཙམ་རིང་ལས་དོན་སྤེལ་ཕྱོགས་ཀྱི་འཕེལ་རིམ་སྐོར་གསུངས་བཤད་གནང་ཏེ་བོད་དོན་ཆེད་ཚེ་སྲོག་བློས་གཏོང་མཁན་གྱི་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་བཏུད་ཞུས་པ་སོགས་ཀྱི་ལམ་ནས་སྲུང་བརྩི་ཞུས་འདུག
དེ་དང་ཕྱོགས་མཚུངས་བཙན་བྱོལ་ནང་ཡོད་པའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཡན་ལག་ཁག་ནས་ཀྱང་དུས་ཆེན་རྣམ་པ་འདྲ་མིན་གྱི་ལམ་ནས་དུས་ཆེན་སྲུང་བརྩི་ཞུས་ཡོད་རེད་ལ་འདི་ག་རྒྱལ་སའི་མངའ་ཁུལ་དུའང་དེ་རིང་དགོང་དྲོ་ས་གནས་སུ་མཛད་སྒོ་ཚུགས་གནང་རྒྱུ་ཡིན་པ་རེད་།
ཡང་དུས་དྲན་ཉིན་མོར་དབུས་བོད་ཀྱི་གཞོན་ནུ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་བཀྲིས་ལམ་བཟང་ལགས་ནས་དྲ་ལམ་བརྒྱུད་བོད་ཕྱི་ནང་གཉིས་ཀྱི་མང་ཚོགས་ལ་འཚམས་འདྲི་གནང་འདུག།
ད་དུང་ཉིན་དེར་རྡ་རམ་སཱ་ལར་དྲན་སྲུང་བརྩི་དང་མཉམ་སིལ་སྤོལ་འགྲན་བསྡུར་གནང་འདུག།

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།